དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་དུ་ཡུལ་སྐོར་དུས་ཚིགས་ཤར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-04-23

    ཟླ་4ཚེས་15ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་ཡུལ་སྐོར་དུས་ཚིགས་ཤར་བའི་མཛད་སྒོ་ས་གནས་དེ་གའི་བྲག་ཆུ་གྲོང་རྡལ་བླ་རི་གྲོང་ཚོར་འཚོགས་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་གནས་པ་དང་ཁྲོན་བོད་གཞུང་ལམ་རྫོང་དེ་ཡོངས་ནས་བརྒྱུད་པའི་ཀོང་པོ་རྒྱ་མདའ་རྫོང་ཁོངས་སུ་A5རིམ་པའི་ཡུལ་ལྗོངས་ཁུལ་དང་རྒྱལ་ཁབ་སྤྱི་གླིང་སོགས་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀོང་པོ་རྒྱ་མདའ་རྫོང་གིས་སྣོད་བཅུད་ཡུལ་སྐོར་དེ་གཙོ་ཁྲིད་ཐོན་ལས་ཤིག་ཏུ་བརྩིས་ཏེ་ཁྱད་ལྡན་ཡུལ་སྐོར་རིག་གནས་བཏོད་ཅིང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་སེར་ཚོའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་སྤེལ་ཤུགས་ཆེན་བཏང་ཡོད།

    འདི་ནི་ས་གནས་དེ་གའི་མི་སེར་ཚོས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་ཡུལ་སྐོར་དུས་ཚིགས་ཤར་བའི་མཛད་སྒོའི་ཐོག་གི་གླུ་གར་འཁྲབ་སྟོན་ལ་ལྟ་བའི་གནས་ཚུལ་ཡིན་པ།

    འདི་ནི་འགོ་ཚུགས་མཛད་སྒོའི་ཐོག“ཀོང་པོའི་བི་ཤུ”འགྲན་བསྡུར་བྱེད་པའི་གནས་ཚུལ་ཡིན་པ།

    502585_yis_1523958858075_s.jpg

     འདི་ནི་སྐྱེས་པ་ཞིག་གིས་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཤིང་ཕོར་སྟོན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།