ཉེ་ཆར་གསར་འགོད་པར་བོད་ལྗོངས་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར་བོད་ལྗོངས་ཀྱིས“ཁྱད་ལྡན་དང་། རྩེ་གྲ སྤུས་དག”བཅས་དང་། ཁུལ་ཡོངས་དང་དུས་གཏན། མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ལོ་འཁོར་མོར་ཡུལ་སྐོར་བ་བསྡོམས་མི་ཐེངས་ཁྲི་800ཡན་མང་དུ་ཕྱིན་ནས་མི་ཐེངས་ཁྲི་3300ཟིན་པ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་430ཟིན་པ་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་ཁུལ་ཡོངས་དང་དུས་གཏན་ཡུལ་སྐོར་ལ་བརྟེན་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད། འཛམ་གླིང་ཡང་རྩེར་མཉམ་དུ་རོལ”ཞེས་པའི་སྤུས་རྟགས་ཀྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་དང་། “འཛམ་གླིང་ཡང་རྩེའི”རྒྱལ་སྤྱིའི་སྤུས་རྟགས་ཀྱི་གཟུགས་བརྙན་བཏོད་པ། “བོད་ཀྱི་ཡུལ་སྨད”ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྤུས་རྟགས་བཏོད་པ། “གངས་ལྗོངས་ཀྱི་འབྲོག་གླུ”སོགས་ཁྱད་ལྡན་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་རྟགས་ཁྱབ་གདལ་བཏང་བ། “ཡུལ་སྐོར་བ་ཉུང་དུས་སུའང་ཡུལ་སྐོར་བ་མང་པོ་ཡོད་པ་མ་ཟད་ཡུལ་སྐོར་བ་མང་དུས་སུ་དེ་བས་མང་པོ་ཡོད་པ”རིམ་བཞིན་མངོན་འགྱུར་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་རག་ཙམ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བཤད་པ་རེད།