མིག་སྔར། རང་ལྗོངས་ཀྱིས་ད་ལྟ་ལག་ལེན་ཧུར་ཐག་བསྟར་བཞིན་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད·འཛམ་གླིང་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་རླངས་འཁོར། མཁའ་འགྲུལ་དང་ལྕགས་ལམ། ཡུལ་སྐོར་ཚོགས་སྒྲིག་སོགས་ཀྱི་ཐད་ཁྱབ་ཡོད་པ་དང་ལག་ལེན་བསྟར་ཤུགས་སྔར་ན་བྱུང་མྱོང་མེད་པ་ཞིག་རེད། ལྷ་ལྡན་གཙུག་ལག་ཁང་གི་འགྲམ་དང་། ཕོ་བྲང་པོ་ཏ་ལའི་མདུན། ཇ་ཁང་སོགས་སུ་ཡུལ་སྐོར་བ་ཧ་ཅང་མང་བ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་བོད་ཀྱི་དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལ་རོལ་ཞིང་། འདི་ནི་ཉེ་ཆར་ཡུལ་སྐོར་བས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཁོངས་སུ་ཇོ་མོ་ལྷ་རི་པར་དུ་ལེན་པའི་གནས་ཚུལ་ཡིན་པ།