དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ་བྱ་དགའ་ཆེན་པོ་གཉིས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-04-16

    གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ས་ཁོངས་མཉམ་ལས་ལ་ཤུགས་སྣོན་དང་ཐང་ཀྲུའུ་གནའ་ལམ་མནའ་འབྲེལ་ཁོངས་མིའི་ཞིང་ལྗོངས་བར་གྱི་སྤེལ་རེས་དང་འབྲེལ་གཏུག་ལ་སྐུལ་འདེད། ཐོན་ཁུངས་མཉམ་སྤྱོད་དང་། ཕྱོགས་མང་མཉམ་ཁེའི་ཕན་འབྲས་ཐོན་པ་བཅས་བྱ་ཆེད། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། བོད་ལྗོངས་མཁའ་འགྲུལ། དེ་བཞིན་འབྲེལ་ཡོད་ཡུལ་སྐོར་ཁེ་ལས་བཅས་སྒྲིག་འཛུགས་བྱས་ཏེ་ཉེ་དུས་ཧྲའན་ཤིས་ཤིས་ཨན་དུ་འཚོགས་པའི་2018ལོའི་ཤིས་ཨན་དར་གོས་ལམ་བུའི་རྒྱལ་སྤྱིའི་ཡུལ་སྐོར་སྟོན་ཚོགས་ལ་ཞུགས་ཤིང་། བྱེད་སྒོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལ་ད་ཐེངས་སྟོན་ཚོགས་ཀྱི་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་དང་ཕུལ་བྱུང་འགྲེམས་སྟེགས་བྱ་དགའ་གཉིས་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་འགྲེམས་ཁང་ལ་ཐུར་ཁེ་དང་། དབྱི་ཐ་ལི། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་35ཡི་ལས་དོན་མི་སྣའི་ཡིད་དབང་འགུག་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཞིང་ལྗོངས་གྲོང་ཁྱེར་31གི་ཡུལ་སྐོར་སྒྲིག་གཞི་དང་། མཁའ་འགྲུལ་ཀུང་སི། སྦྲག་ཐོག་གྲུ་གཟིངས། ཡུལ་སྐོར་སྨྱན་སྦྱོར་བཅས་ཀྱི་འཐུས་མི་500ལྷག་དང་། ལས་རིགས་མི་སྣ་7000ཙམ། སྤྱི་དམངས་ཁྲི་8ཙམ་བཅས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།