དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2017ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-13

    499854_yis_1523336649294_s.jpg

    འདི་ནི་ཡར་ཀླུང་གི་མཛེས་ལྗོངས་ཁུལ་གྲགས་ཅན་ཕོ་བྲང་ཡུམ་བུ་བརླ་མཁར་ཡིན་པ།

    2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས“བོད་མིའི་འབྱུང་གནས་ཀྱི་རིག་གནས་ཡུལ་སྐོར་རྟེན་གཞི”བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ“བོད་མིའི་འབྱུང་གནས་ལྷོ་ཁ”ཞེས་པའི་ཡུལ་སྐོར་སྤུས་རྟགས་བཏོད་ཅིང་། རྣམ་གྲངས་འཛུགས་སྐྱོང་ལ་མངོན་གསལ་སྒོས་དམ་འཛིན་དང་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་བཏང་ཁར། ཁྲོམ་རའི་བྲིན་ཚོང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་ཞབས་ཞུའི་མ་ལག་སྐྲུན་པར་ཤུགས་སྣོན་བརྒྱབ་པས། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་348ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་25%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་14.2ཟིན་པ་དེ་དུས་མཚུངས་ལས་19%འཕར་ནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད།

    “ཡུལ་སྐོར་+ཁྱབ་གདལ”ལས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པ་བཟང་པོ་མངོན་པ།

    2017ལོར་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་རྫོང་དང་ཆུས་ཁག་དང་དེ་བཞིན་ཡུལ་སྐོར་ཁེ་ལས་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་དང་། མཚོ་འགག་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་བཅུ་གསུམ་པ། བོད་རང་སྐྱོང་ལྗོངས་ཀྱི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”བྲིན་སྐུལ་འདུ་ཚོགས། ནང་སར་བོད་ལྗོངས་ཀྱི་ཡུལ་སྐོར་འོས་སྦྱོར་གྱི་དུས་ཚིགས་སོགས་ཡུལ་སྐོར་འགྲེམས་ཚོགས་ཀྱི་བྱེད་སྒོ་ཆེ་གྲས་ལ་ཞུགས་པ་དང་། མི་དམངས་དྲ་ཚིགས་དང་། ཤིན་ལང་དྲ་ཚིགས་སོགས་སྨྱན་སྦྱོར་ཆེན་པོ་ཁག་བརྒྱུད་དེ“བོད་མིའི་འབྱུང་གནས་ལྷོ་ཁའི”ཡུལ་སྐོར་དྲིལ་བསྒྲགས་ཀྱི་གླུ་གཞས་འགྲན་བསྡུར་ཆེན་པོའི་གནས་ཚུལ་སྤེལ་བ། བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་ནང་སའི་དམིགས་འབེན་ཁྲོམ་རར་དགུན་དུས་ཀྱི་མུ་འབྲེལ་ཡུལ་སྐོར་བྲིན་སྐུལ་བྱེད་སྒོ་སྤེལ་བ། “མཛེས་སྡུག་ལྡན་པའི་སྐོར་ལམ་ལྷོ་མའི”སྒེར་འཁོར་གཏོང་བའི་ཡུལ་སྐོར་བྱེད་སྒོ་གཉེར་བ་རེད།

    “ཡུལ་སྐོར་+དབུལ་སྐྱོར”ལས་ལྗང་མདོག་འཕེལ་རྒྱས་ཀྱི་རེ་བ་གསར་པ་འབུས་པ།

    ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་འབབ་འཕར་ལ་སྐུལ་མ་བཏང་བས། “ཡུལ་སྐོར་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ་དང་། ཡུལ་སྐོར་ལ་བརྟེན་ནས་མི་སེར་གྱི་འཚོ་ཚིས་འཚོལ་བ། ཡུལ་སྐོར་ལ་བརྟེན་ནས་མི་སེར་ཕྱུག་པོར་འགྱུར་བའི”བྱེད་སྟངས་གསར་པ་ཞིག་རིམ་པས་ཆགས་ཤིང་། 2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་188ཡི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དུད་ཚང་དབུལ་པོ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་5000ཡན་ཟིན་པར་བྱས་ཏེ། ཁོང་ཚོར་ལས་ཞུགས་དབུལ་སྒྲོལ་ཐུབ་རོགས་བྱས་ཡོད། ཕྱོགས་གཞན་ཞིག་ནས་གྲོང་གསེབ་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་པར་ལས་གཏོད་འབབ་འཕར་ཡོང་བར་སྐུལ་མ་ཐེབས་ཤིང་། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྱད་ལྡན་གྲོང་ཚོ་བསྐྲུན་པའི་ལག་བསྟར་ཇུས་གཞི་30བཟོས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཚད་ལྡན་ངང་འཕེལ་རྒྱས་ཡོང་བ་དང་ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་འབབ་འཕར་ཡོང་བའི་རྨང་གཞི་སྔར་བས་བརྟན་དུ་སོང་ཡོད།

    “ཡུལ་སྐོར་+རྨང་གཞིའི་འཛུགས་སྐྲུན”ལས་ཐོན་ལས་ཀྱིས་རྣམ་པ་གསར་པ་བཏོད་པ།

    2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་སྔོན་རྩིས་མ་འཇོག་སྒོར་ཁྲི་950བཏང་བ་དང་། རིམ་ཁག་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་275.1བརྩོན་ལེན། རོགས་སྐྱོར་མ་དངུལ་གཞན་སྒོར་ཁྲི་2371.8བརྩོན་ལེན་བཅས་བྱས་ནས་འོལ་ཁ་དང་། སྔགས་གྲྭ། བཙན་པོའི་བང་སོ། ཡར་ཀླུང་གི་ལྗོངས་གཟིགས་ཁུལ། ཡར་འབྲོག་གཡུ་མཚོ་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་པ་དང་། སྒོར་དུང་ཕྱུར་1.68བཏང་བའི་དྭགས་པོའི་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་བྱེད་རིམ་མགྱོགས་སུ་བཏང་བས། རྨང་གཞིའི་སྒྲིག་བཀོད་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་སུ་སོང་ལ་སྣེ་ལེན་ཞུ་ནུས་དང་ཞབས་ཞུ་སྒྲུབ་ནུས་ཀྱང་ཆེ་རུ་སོང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།