དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “དགུན་དུས་བོད་དུ་ཡུལ་སྐོར་དུ་སྐྱོད་པའི”གཙང་གླས་གནམ་གྲུ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-11

    ཟླ་4ཚེས་6ཉིན་ཁྲེང་ཏུའུ་ནས་ཉིང་ཁྲི་བར་གྱི“དགུན་དུས་བོད་དུ་ཡུལ་སྐོར་དུ་བསྐྱོད་ནས་འཛམ་གླིང་གི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་གཙང་གླས་གནམ་གྲུ་ཁྲེང་ཏུའི་ཧྲོང་ལིའུ་གནམ་ཐང་ནས་འཕུར་འགོ་ཚུགས་པ་དང་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་བདེ་བླག་ངང་འབྱོར་ནས། ནང་སའི་ཡུལ་སྐོར་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་མྱོང་རོལ་བྱེད་པའི་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད།

    གནམ་ཐང་དུ་འབྱོར་བ་ནས་བཟུང་ཡུལ་སྐོར་བ་ཚོས“དགུན་དུས་བོད་དུ་ཡུལ་སྐོར་དུ་སྐྱོད་པའི”རྣམ་པ་ཟབ་མོ་མྱོང་ཚོར་ཐུབ་པ་དང་གཙང་གླས་གནམ་གྲུའི་ཆེད་མངགས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། བོད་ལྗོངས་མཁའ་འགྲུལ་ཐད་གཏོང་མངའ་ཁོངས་སུ་སྐྱོད་སྐབས“དགུན་དུས་བོད་དུ་ཡུལ་སྐོར་ལ་བསྐྱོད་ནས་འཛམ་གླིང་གི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་གཙང་གླས་གནམ་གྲུའི་ཆེད་མངགས་ཐད་གཏོང་ལས་སྟེགས་མིག་མདུན་དུ་མངོན་བྱུང་བ་མ་ཟད། དེ་མ་ཉིད་དུ་ཞབས་ཞུ་མ་ཞིག་མདུན་དུ་ཡོང་ནས“སྐུ་ཁམས་བཟང་། སྐུ་ཉིད་གཙང་གླས་གནམ་གྲུར་བཞུགས་ནས་ཉིང་ཁྲིར་ཡུལ་སྐོར་ཕེབས་མཁན་ཡིན་ནམ”ཞེས་དྲིས་བྱུང་། གཙང་གླས་གནམ་གྲུའི་བྱེད་སྒོར་ཞུགས་མཁན་ཡུལ་སྐོར་བ་ཞིག་གིས་ཐད་གཏོང་གནམ་གྲུའི་འགྲོ་ལུགས་གཉེར་རྗེས་གསར་འགོད་པ་དང་མཉམ་དུ་རང་ཉིད་ཀྱི་མྱོང་ཚོར་སེམས་འགུལ་ཐེབས་པའི་སྒོ་ནས་ཉམས་སུ་མྱངས་སྟེ། “ཞིབ་ཚགས་ལ་འཐུས་སྒོ་ཚང་བའི་ཞབས་འདེགས་འདི་ལྟ་བུ་ལས་རང་ཉིད་ལ་བོད་ཀྱིས་བོད་དུ་སྐྱོད་མཁན་གྱི་ཡུལ་སྐོར་བ་ཚོར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་ལུགས་ཚོར་བ་ཟབ་མོ་བྱུང་། ང་ཚོའི་རྡོག་ཁྲེས་ལ‘དགུན་དུས་བོད་དུ་ཡུལ་སྐྱོར་དུ་སྐྱོད་པ’ཞེས་བྲིས་པའི་སྦྱར་ཡིག་སྦྱར་བ་མ་ཟད། གནམ་གྲུར་འཛེགས་པའི་བྱང་བུར་ཡང་བརྗོད་དོན་གཙོ་བོའི་སྤ་སེ་རྙིང་རྗེ་པོ་ཞིག་སྦྱར་འདུག་པས། རང་ཉིད་ཧ་ཅང་དགའ་པོ་བྱུང”ཞེས་པ་དེ་རེད།

    གནམ་གྲུར་འཛེགས་རྗེས་སྤྲོ་སྣང་ཆེན་པོས་བཀོད་སྒྲིག་ཞིབ་ཚགས་བྱས་པའི་འགྲུལ་པ་སྡོད་ཁུལ་ནས་ཡུལ་སྐོར་བའི་མིག་མདུན་དུ་མངོན་པ་ནི“དགུན་དུས་བོད་དུ་ཡུལ་སྐོར་དུ་སྐྱོད་པའི”བྱེད་སྒོའི་མཚོན་རྟགས་གང་སར་མཐོང་རྒྱུ་ཡོད་པ་དང་རྐུབ་སྟེགས་ཚང་མར་དྲན་རྟེན་དངོས་རྫས་ཀྱི་ལག་རྟགས་ཤིག་བཞག་ཡོད་པ་དེར་བཀྲ་ཤིས་མདུད་པ་དང་། བོད་ལྗོངས་མཁའ་འགྲུལ་གྱི་འགྲུལ་སྐྱེལ་ལྡེ་མིག་འདོགས་ས། ཆེད་མངགས་བཟོས་པའི་ལམ་ཆས་ཀྱི་བྱང་བུ་སོགས་ཡོད་པས་ཡུལ་སྐོར་བ་ཚོས་འགྲུལ་སྐྱོད་ལམ་ཐིག་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    ཆུ་ཚོད་1དང་སྐར་མ་45སོང་བ་བརྒྱུད་གནམ་གྲུ“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་གྲགས་པའི་ཉིང་ཁྲིར་འབྱོར། གནམ་གྲུ་ནས་འབབ་སྐབས་ཨ་ཅག་ཀེང་ལགས་ཀྱིས་ཐེ་ཚོམ་སྤུ་ཙམ་མེད་པར་གནམ་གྲུའི་ཞབས་ཞུ་དཔོན་ལ“དེ་ནི་དྲོ་སྐྱིད་ལྡན་པའི་འགྲུལ་བཞུད་ཅིག་རེད། ལན་འདེབས་བྱ་དགའ་སྤྲོད་པའི་ལྷུ་ཚིགས་ལས་འགྲུལ་བཞུད་ཀྱི་ངལ་བ་སེལ་བ་མ་ཟད། བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཀྱི་ས་ཚིགས་ཀྱང་ཤེས་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།