དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་འཛེགས་ཀྱི་ལམ་འཁྲིད་པ་དང་མཉམ་ལས་པ་2018ལོའི་ཇོ་རིའི་བྱང་ངོས་ནས་འཛེགས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-10

    ཉིན་ཤས་གོང་། རི་འཛེགས་ཀྱི་ལམ་འཁྲིད་པ་དང་མཉམ་ལས་པ་80ལྷག་ཙམ་ལྷ་ས་ནས་ཇོ་རིའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་བསྐྱོད་ཅིང་། ཁོང་ཚོ་ཟླ་4ཚེས་1ཉིན་སྒར་ས་ཆེ་མོར་སླེབས་པ་དང་ཆབས་ཅིག་རི་འཛེགས་གོང་གི་གྲ་སྒྲིག་ལས་དོན་སྤེལ་བ་དེ་ཐོག་ནས་2018ལོའི་ཇོ་རིའི་བྱང་ངོས་ནས་དངོས་སུ་འཛེགས་འགོ་ཚུགས་པ་མཚོན་ཡོད།

    འདི་ལོ་པེ་ཅིང་སློབ་ཆེན་རི་འཛེགས་རུ་ཁག་གི་རུ་མི་ཚུད་པའི་རྒྱལ་ནང་གི་རི་འཛེགས་པ་27གྱིས་ཟླ་5ཚེས་5ཉིན་ནས་ཚེས་20ཉིན་བར་ཁག་ཐེངས་གཉིས་ལ་དབྱེ་ནས་ཇོ་རིའི་རི་རྩེར་ཚོད་ལྟའི་རི་འཛེགས་བྱ་རྒྱུ་རེད། དེ་ཡང་ད་བར་རྒྱལ་ནང་རི་འཛེགས་པ་ཇོ་རིའི་བྱང་ངོས་ནས་ཚོང་ལས་རི་འཛེགས་རྣམ་པའི་ཐོག་ནས་ཇོ་རིའི་རྩེ་མོར་འཛེགས་རྒྱུའི་ཚོད་ལྟ་བྱེད་མཁན་མང་ཤོས་ཀྱི་རི་འཛེགས་དུས་ཚིགས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།