དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་གསར་སྣོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-04-05

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་གསར་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་17ཁྲོད་བོད་ཀྱི་མ་ཕམ་གཡུ་མཚོ་འདམ་ར་དང་སྨི་ཏི་ཁ་འདམ་ར་གཉིས་མིང་བྱང་ནང་ཚུད་ཡོད་པ་རེད། གཞན་ཡང་ཁོར་ཡུག་སྲུང་སྐྱོང་པུའུ་ཡིས《ཧེ་ལུང་ཅང་ཧྥན་ཀྲུང་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་17གྱི་རྒྱ་ཁྱོན་དང་གཞི་ཁྱོན། དེ་བཞིན་ནུས་པའི་ཁུལ་དབྱེ་འབྱེད་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་ཡི་གེ》ཁྱབ་བསྒྲགས་བྱས་པ་དང་བོད་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་ཀྱི་རྒྱ་ཁྱོན་དང་གཞི་ཁྱོན། དེ་བཞིན་ནུས་པའི་ཁུལ་དབྱེ་འབྱེད་བཅས་ཁྱབ་བསྒྲགས་བྱས་པ་རེད།

    མ་ཕམ་གཡུ་མཚོ་འདམ་ར་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་ཡོད་པ་དང་། ལྷོ་ནུབ་རྒྱ་གར་དང་ས་འབྲེལ་ཡིན་པ་དང་ལྷོ་རྒྱུད་ནེ་པ་ལའི་འགྲམ་དུ་གནས་པའི་རི་བོ་ཧི་མ་ལ་ཡ་དེ་མ་ཕམ་གཡུ་མཚོ་འདམ་རའི་དབྱེ་མཚམས་སུ་བྱས་ཤིང་། ཁོར་ཡུག་སྲུང་སྐྱོང་པུའུ་ཡི་ཡི་གེའི་ནང་བསྟན་དོན། མ་ཕམ་གཡུ་མཚོ་འདམ་རའི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་101190ཡོད་པའི་ནང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་67791.32ཟིན་པ་དང་། ཞི་ལྷོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་10680.67ཟིན་པ། ཚོད་ལྟའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་22718.01ཟིན་པ་བཅས་རེད། འདམ་ར་དེ་ནི་ཁྲུང་ཁྲུང་སྐེ་ནག་དང་གཙོད་སོགས་རྩ་ཆེ་ལ་སྟོངས་ཉེ་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་འཚོ་གནས་ཁུལ་གལ་ཆེན་ཞིག་ཡིན་ལ་གནས་སྤོས་དང་སྐྱེ་འཕེལ་ཁུལ་གལ་ཆེན་ཞིག་ཀྱང་རེད། དེར་འཚོ་གནས་བྱེད་པའི་ཁྲུང་ཁྲུང་སྐེ་ནག་དང་གཙོད་སོགས་ནི་མཚོ་བོད་ས་མཐོར་དམིགས་སུ་གནས་པའི་སྲོག་ཆགས་ཡིན་པ་དང་ས་གནས་འདི་གའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། སྨི་ཏི་ཁ་འདམ་རའི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་88052.37ཟིན་པ་དེའི་ནང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་32882.47ཟིན་པ་དང་། ཞི་ལྷོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་14164.04ཟིན་པ། ཚོད་ལྟ་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་41005.86ཟིན་པ་བཅས་རེད། འདམ་ར་དེ་ནི་ནག་ཆུའི་ལྷ་རི་རྫོང་གི་བྱང་རྒྱུད་དུ་གནས་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ངང་སེར་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་འདབ་ཆགས་རིགས་གནས་སྤོ་དང་སྐྱེ་འཕེལ་བྱ་ཡུལ་ཞིག་ཡིན་པས་དེར་ཉ་རིགས་ཕུན་སུམ་ཚོགས་པོ་ཡོད་པ་དང་དེས་ས་གནས་འདི་གའི་ས་ཆུ་རྒྱུན་འཁྱོངས་དང་། ནམ་དུས་རང་བཞིན་གྱི་ཆུ་ལོག་འགོག་པ། ཆུའི་སྟོད་རྒྱུད་ཀྱི་རིམ་བསགས་དངོས་པོ་འགོག་པ་དང་འབྲེལ་ཐོན་སྐྱེད་ནུས་པ་ཆེ་བའི་སྤང་ལྗོང་དང་འདམ་ར་ཆགས་རྒྱུ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།