དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-31

     ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་ཉིང་ཁྲིར་ནམ་མཁའ་གཡའ་དག་པ་དང་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཞིང་། “མི་ཡུལ་གྱི་ས་གཙང་། མཛེས་ལྡན་གྱི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེས་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སངས་རྒྱས་གྲགས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་བཅས་བྱེད་སྒོར་ཕེབས་པ་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་དབང་འདུས་ཀྱིས་འགོ་ཚུགས་ཤིས་ཚིག་གནང་བ་རེད།

    དབང་འདུས་ཀྱིས་ཤིས་ཚིག་གནང་སྐབས། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་འདི་ཉིང་ཁྲི་དང་ཐ་ན་བོད་ལྗོངས་ཡུལ་སྐོར་གྱི་མིང་བྱང་ཞིག་ལ་གྱུར་ཟིན་པ་དང་ལྗོངས་ཡོངས་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོར་གྱུར་ཡོད་ལ། ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་གཏོང་བའི་རོགས་འདེད་འཕྲུལ་ཆས་ཤིག་ཀྱང་ཡིན། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འདི་ཉིད་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྐད་གྲགས་ཆོད་པའི་ཡུལ་སྐོར་དུས་ཆེན་གྱི་ཁྱད་ལྡན་སྤུས་རྟགས་སུ་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན། འདི་ལོ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པ་འདི་རང་སྐྱོང་ལྗོངས་ཀྱི་རིམ་ངོས་སུ་རིམ་སྤོར་ཁ་གསལ་བྱས་པས་ཁྱབ་རྒྱ་དེ་བས་ཆེ་བ་དང་ཤུགས་རྐྱེན་ཐེབས་ཤུགས་དེ་བས་ཆེ་བ་ཡོད་པ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།