དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་མཁན”མང་དུ་སོང་བས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པར་སྤ་སེ་སྔོན་མངགས་བྱེད་དགོས་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-03-26

    ཟླ་3པ་ནས་བཟུང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་ཞིང་། གསར་འགོད་པས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ལྟ་སྐོར་བའི་མི་གྲངས་ཉིན་བཞིན་མང་དུ་ཕྱིན་ནས་ཞབས་ཞུ་དོ་དམ་བྱེད་རྒྱུར་སྟབས་བདེ་བསྐྲུན་ཆེད། ཟླ་3ཚེས་16ཉིན་ནས་བཟུང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དུ་སྐྱོད་པར་ཉིན་གཅིག་གོང་ནས་སྤ་སེ་སྔོན་མངགས་བྱེད་དགོས་ཀྱི་ཡོད་པ་རེད།

    འདི་ལོའི་ཟླ་2ཚེས་1ནས་ཟླ་4ཚེས་30ཉིན་བར་བོད་ཀྱིས་ལྗོངས་ཡོངས་སུ“དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད་ནས་མཐའ་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་དེའི་ནང་ཕོ་བྲང་པོ་ཏ་ལ་སོགས་བོད་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་115ཚུད་པ་དེ་དག་རིན་པ་མི་དགོས་པར་ཡུལ་སྐོར་བར་སྒོ་དབྱེ་བ་རེད། དེ་དང་ཆབས་ཅིག་གསོལ་མགྲོན་ཁང་དུ་ཞག་སྡོད་དང་། ཡུལ་སྐོར་འཁོར་རིགས། མཁའ་འགྲུལ་ལྕགས་ལམ་སོགས་ཚུད་པའི་གཟིགས་སྐྱོང་བྱ་ཐབས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།