དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དགུན་དུས་བོད་དུ་ཡུལ་སྐོར་ཡོང་མཁན་རིམ་བཞིན་མང་དུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-23

    493945_yis_1521700473944.jpg

    རང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་ས་གོ་ལའི་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོ་སྤེལ་ཚུན། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་འགོ་ཁྲིད་ཚོགས་ཆུང་སྔར་བས་འཐུས་ཚང་དང་ལེགས་སྒྲིག་བྱས་པ་དང་། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྤུས་དག་གི་ལམ་ཐིག་འོས་སྦྱོར་ཤུགས་ཆེན་བྱས་པ། གཟིགས་སྐྱོང་གི་བྱ་ཐབས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་བཅས་ལས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་དགུན་དུས་བོད་དུ་ཡུལ་སྐོར་བྱ་རྒྱུའི་ཡིད་དབང་བཀུག་ནས་དགུན་དུས་སུའང་བོད་དུ་ཡུལ་སྐོར་ཡོང་མཁན་རིམ་བཞིན་མང་དུ་སོང་ཡོད། གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་པ་དང་བསྟུན་ནས། རང་ལྗོངས་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་ཀྲུང་ཕྱིའི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད་ཅིང་།འདི་ནི་ཉིན་ཤས་གོང་ཡུལ་སྐོར་བས་བང་བསྒྲིགས་ནས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དུ་འགྲོ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།