དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་“དུས་ཆེན་གཉིས”རིང་ཡུལ་སྐོར་བ་མི་ཐེངས་ཁྲི་25ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-16

     ཉེ་ཆར། གསར་འགོད་པར་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གི་སྒྲིག་ལམ་གོ་རིམ་ལྡན་པའི་ཁར། མགྲོན་ཁང་དང་གསོལ་མགྲོན་ཁང་དུ་ཆ་སྙོམས་ཡུལ་སྐོར་བ་སྡོད་ཚད་ཆེས་ཆེར་འཕར་ཡོད། གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་255269ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་21.82%འཕར་བ་དང་། དེའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་110689ཟིན་པ་དང་ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་144580ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.23ཟིན་ནས་དུས་མཚུངས་ལས་23.2%འཕར་ཡོད་པ་རེད།

    ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཆེད། ལྷ་སའི་གསོལ་མགྲོན་ཁང་མང་པོ་ཞིག་གིས་ཁང་རིན་མང་པོ་བཅག་ཡོད། གསར་འགོད་པས་བསྡོམས་རྩིས་རྒྱག་སྐབས་རིམ་པ་མི་འདྲ་བའི་གསོལ་མགྲོན་ཁང་མང་པོ་ཞིག་གིས་རིན་གོང་གཅོག་བཞིན་ཡོད་པ་ཤེས་རྟོགས་བྱུང་། ལྷ་ས་གསོལ་མགྲོན་ཁང་གི་ཚད་ལྡན་ཁང་པར་ཞོགས་ཟས་བརྩིས་ཀྱང་387ཡིན་པ་དང་། བོད་ལྗོངས་མིང་ཧྲན་གསོལ་མགྲོན་ཁང་གི་ཉལ་ཁྲི་ཆེན་པོའི་་ཉལ་ཁང་ལ་སྒོར་408ཡིན་པ་ཕུད། རྩེར་སོན་གྱི་མགྲོན་ཁང་དང་སྐར་མ་རིམ་པ་བཞི་པའི་མགྲོན་ཁང་མང་པོ་ཞིག་གི་རིན་གོང་ཡང་སྒོར་200ནང་ཚུན་ཡིན་པ་རེད། ལྷ་ས་མཁའ་འགྲུལ་ཁུལ་གསར་པའེ་ཞང་སྐྱེད་ཚལ་མགྲོན་ཁང་གི་ཉལ་ཁྲི་གཉིས་ཡོད་པའི་ཁང་པར་སྒོར་198ལས་ལེན་གྱི་མེད་པ་དང་། གོང་ཁེ་བའི་མགྲོན་ཁང་གིས་མི་10སྡོད་སའི་ཉལ་ཁང་གི་ཉལ་ཁྲི་རེར་སྒོར་25དང་མི་12སྡོད་སའི་ཉལ་ཁང་གི་ཉལ་ཁྲི་རེར་སྒོར་20ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།