དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་29ཉིན་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-07

    ཟླ་3ཚེས་1ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་2018ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅུ་དྲུག་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ལས་དོན་བཀོད་སྒྲིག་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་2018ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ལས་འགན་དང་འབྲེལ་ཡོད་དོན་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད། ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཟླ་3ཚེས་29ཉིན་གཉེར་རྒྱུ་དང་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་ནི་ཟླ་3ཚེས་15ནས་ཟླ་4ཚེས་30ཉིན་བར་ཡིན་པ་རེད།

    འབྲེལ་ཡོད་འགན་ཁུར་མི་སྣས་ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྤུས་རྟགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད་སྨན་གླིང་རྫོང་ཟུར་གསུམ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་ཚོགས་ར་དང་། སྤོ་བོ་རྫོང་ཁམ་བུའི་མེ་ཏོག་རོང་གཞུང་གི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་ཚོགས་ར། ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་ཡན་ལག་ཚོགས་ར་བཅས་སྐབས་བཅུ་དྲུག་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཡན་ལག་ཚོགས་ར་གཙོ་བོར་བརྩི་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།