དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • དུས་ཆེན་རིང་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-27

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བའི་སྐབས་དང་བསྟུན་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད། འཛམ་གླིང་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོ་ལས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་ཅིང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་བསྡོམས་རྩིས་ལ་གཞིགས་ན། དཔྱིད་གསར་དུས་ཆེན་རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་45.85ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.2%འཕར་ཡོད། དེའི་ནང་ཞག་སྡོད་ཡུལ་སྐོར་མི་ཐེངས་ཁྲི་16.27ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་27.7%འཕར་བ་དང་། ཉིན་གཅིག་ཡུལ་སྐོར་བྱེད་མཁན་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་29.58ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་62.5%འཕར་བ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་29984ཟིན་པ་དེ་དུས་མཚུངས་ལས་15.6%འཕར་བ་བཅས་རེད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། སྔ་ལོ་དང་བསྡུར་ན། འདི་ལོའི“དུས་ཆེན་གཉིས”ནང་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རར“དགུན་དུས་བོད་དུ་ཡུལ་སྐོར་བྱེད། འཛམ་གླིང་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོའི་སྐུལ་འདེད་འོག་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཤུགས་སྣོན་དང་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ“དགུན་དུས་བོད་དུ་ཡུལ་སྐོར་བྱེད། འཛམ་གླིང་ཡང་རྩེར་མཉམ་དུ་རོལ”ཞེས་པའི་ཁྲོམ་རར་སྐུལ་བའི་བྱེད་སྒོའི་ཁ་གསབ་བྱ་དགའི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད་པ་རེད། དེ་དང་ཆབས་ཅིག་ཀོང་ཏུང་དང་། པེ་ཅིང་། ཧྲང་ཧའེ། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་འོས་སྦྱོར་ངོ་སྤྲོད་བྲིན་ཚོང་བྱེད་སྒོ་སྤེལ་བར་བརྟེན་དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན་གྱི་འགྲུལ་ཁུངས་ཁྲོམ་ར་བཏོད་ཐུབ་པ་བྱུང་ཡོད།

    བྱེད་སྒོ་སྤེལ་ཚུན་ཡུལ་སྐོར་བ་མང་པོས་སྲིད་གཞུང་གི་དྲ་རྒྱ་དང་། སྐད་འཕྲིན་སྤྱི་རྟགས། ཇུས་འདྲིའི་ཁ་པར་སོགས་ནས་འབྲེལ་ཡོད་སྲིད་ཇུས་སྐད་ཆ་འདྲི་བ་མ་ཟད། ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་རིགས་ལའང་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་མཛེས་ལྗོངས་ཁུལ། སྐར་མ་རིམ་པའི་ཨར་ཁང་། འགྲུལ་ཁང་སོགས་ཀྱིས་དང་ལེན་ཧུར་ཐག་ཞུས་པ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་ཏེ་རང་འགུལ་ངང་འོས་སྦྱོར་དང་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཡོད་པ་རེད། ཕོ་བྲང་པོ་ཏ་ལས་གཙོས་ཉིན་ལྟར་ཡུལ་སྐོར་བྱེད་མཁན་ལྡབ་འཕར་བ་དང་མགྲོན་ཁང་ཆེ་གྲས་ནང་སྡོད་མཁན་མང་དུ་ཕྱིན་པ་མ་ཟད། སྐར་མ་རིམ་པའི་མགྲོན་ཁང་ཆེ་གྲས་ནང་སྡོད་མཁན་ཡུལ་སྐོར་བ་60%ཙམ་ཟིན་ཡོད། ལྷག་པར་དུ་རྒྱལ་སྤྱིའི་སྤུས་རྟགས་མགྲོན་ཁང་ནང་སྡོད་མཁན་མང་དུ་ཕྱིན་ཞིང་། དཔེར་ན་ཤམ་བྷ་ལ་མགྲོན་ཁང་ནང་དུས་ཆེན་རིང་འགྲུལ་པ་སྡོད་མཁན་90%ཟིན་པ་དང་། འགྲུལ་ཁང་གཞན་ནང་འགྲུལ་པ་སྡོད་མཁན་100%ཟིན་ཡོད། དུས་ཆེན་རིང་བོད་ཀྱི་སྐར་མ་རིམ་པའི་མགྲོན་ཁང་ལ་དགུན་དུས་སུ་འགྲུལ་པ་མང་བའི་མཐོ་རླབས་བཏོད་ཡོད་པ་རེད།

    ཁྲོམ་རའི་ཁོར་ཡུག་མུ་མཐུད་བཟང་སྒྲིག་བྱུང་བ། དུས་ཆེན་རིང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར་ཡུལ་སྐོར་བདེ་འཇགས་དང་འབྲེལ་བའི་ལས་འཛོལ་གཅིག་ཀྱང་ཐོན་མེད་ལ། ཡུལ་སྐོར་བའི་ཞུ་གཏུག་གཅིག་ཀྱང་འབྱོར་མེད་པར་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ཡོད་པ་རེད།

    དུས་ཆེན་རིང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བདེ་འཇགས་ལྟ་སྐུལ་དང་། མེ་ཟོན། བཟའ་བཅའ་དང་སྨན་རྫས་སོགས་སྡེ་ཚན་མང་པོ་དང་མཉམ་དུ་སྐར་མ་རིམ་པའི་མགྲོན་ཁང་དང་གཙོ་གནད་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ཁེ་ལས་ཁག་གིས་འགྲུལ་པའི་བདེ་འཇགས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་ཚུལ་དང་ཞབས་ཞུའི་སྤུས་ཚད་ཇི་འདྲ་ཡོད་མེད་ལ་ལྟ་སྐུལ་བྱས་ཏེ་བོད་ཀྱི་ཡུལ་སྐོར་གྱི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་དང་འཛུགས་ཐུབ་པ་བྱས་པ་རེད།

    485316_yis_1519620467968.jpg

    འདི་ནི་དུས་ཆེན་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།