དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཡུལ་སྐོར་ལས་རིགས་ལ་རྣམ་པ་གསར་པ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-25

    ས་ཁོངས་ཡོངས་དང་ནམ་དུས་དབྱེར་མེད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཆེད། རང་ལྗོངས་ཀྱིས་2018ལོའི་ཟླ་2ཚེས་1ནས་ཟླ་4ཚེས་30ཉིན་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་གཟིགས་སྐྱོང་བྱེད་སྒོ་སྤེལ་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་། འགྲིམ་འགྲུལ་དང་ཞག་སྡོད། ཡུལ་སྐོར་ཚོགས་པ་སོགས་ལ་དམིགས་བསལ་གྱི་གཟིགས་སྐྱོང་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ད་ཆ་བོད་ཀྱིས་ཡུལ་སྐོར་བ་ཡོངས་ལ་སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུ་བཞིན་ཡོད་པ་རེད།

    ཉེ་ཆར། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་མཁན”ཐའེ་དབན་གྱི་ཚོགས་པའི་མི་25བོད་དུ་འབྱོར་ནས་ལྟ་སྐོར་དང་ཡུལ་སྐོར་བྱེད་འགོ་ཚུགས་པ་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད”ཅེས་པའི་ཁྲོམ་རར་སྐུལ་འདེད་གཏོང་རྒྱུ་ཡོངས་བསྒྲགས་དང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཚིགས་ཀྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད། ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་ཐོན་ཁུངས་མངོན་པར་བྱས་ཡོད་པ་མ་ཟད། ད་དུང་2017ལོའི་བོད་ཀྱི་ཡུལ་སྐོར་གྲུབ་འབྲས་ངོ་སྤྲོད་ཀྱང་བྱས་ཡོད་པ་དང་། བྲག་གསུམ་མཚོ་དང་བཀྲས་ལྷུན་དགོན་གྱི་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་བཀལ་བ་དང་། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་བདམས་པ། ཡུལ་སྐོར་གྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་ཏན་ཏིག་བཏང་བ་སོགས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཟིན་པ་རེད།

    ཉེ་ལམ་ལོ་ཤས་རིང་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2017ལོར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2561.4ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་379.4བྱུང་ནས་དུས་མཚུངས་ལས་10.6%དང་14.7%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།