དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཐའེ་དབན་གྱི་ཡུལ་སྐོར་བས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་ལོངས་སུ་སྤྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-02-14

    ཉེ་ཆར། ཐའེ་དབན་གྱི་མི་25ལས་གྲུབ་པའི་ཡུལ་སྐོར་ཚོགས་པ་ཞིག་སི་ཁྲོན་ཁྲེང་ཏུའུ་ནས་གནམ་གྲུར་བསྡད་དེ་བོད་ལྗོངས་ལྷ་སར་འབྱོར་ཞིང་། འདི་ནི“དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་རིང་པོ་མ་སོང་བར་སྐམ་ས་ཆེ་མོ་ནས་མིན་པའི་མི་མང་ཤོས་ཀྱི་ཡུལ་སྐོར་ཚོགས་པ་ཞིག་རེད།

    མ་འོངས་པའི་ཉིན་འགའ་ཤས་རིང་། ཐའེ་དབན་གྱི་ཡུལ་སྐོར་ཚོགས་པས་གནས་མཆོག་ལྷ་ས་དང་གཙང་ཡུལ་གཞིས་རྩེར“དགུན་དུས་བོད་ཀྱི་ཉི་འོད་ལ་རོལ”བའི་ཡུལ་སྐོར་བྱ་རྒྱུ་རེད། འགྲུལ་བཞུད་བྱེད་རིང་། སྤུན་ཟླ་ཐའེ་དབན་བ་ཚོས་བོད་ཀྱི་སྐད་གྲགས་ཆེ་བའི་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། དེ་བཞིན“བོད་ཀྱི་ནོར་ལྷའི་ལྷ་ཁང་འབའ་ཞིག”གྲྭ་བཞི་དགོན་པར་ལྟ་སྐོར་བྱ་རྒྱུ་རེད།

    “དགུན་དུས་བོད་ལ་ཡུལ་སྐོར་བྱེད·ས་གོ་ལའི་ཡང་རྩེར་མཉམ་དུ་རོལ”ཞེས་པའི་བྱེད་སྒོ་སྤེལ་ནས་ཉིན་འགའ་ཤས་སོང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་ཚང་མར་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། ལྷག་དོན་དུ་ཕོ་བྲང་པོ་ཏ་ལར་ཉིན་གཅིག་ལ་ཡུལ་སྐོར་བྱེད་མཁན་མང་དུ་ཤུགས་ཆེན་སོང་བ་དང་། ཟླ་2ཚེས་4ཉིན་གྱི་གྲངས་གཞིར་བལྟས་ཚེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་2400ལྷག་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་90.3%འཕར་ཡོད། “གཞན་ཡང་ང་ཚོས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་མ་བྱས་གོང་སྔོན་མངགས་བྱས་ནའང་བོད་དུ་འབྱོར་མེད་པའི་ཡུལ་སྐོར་ཚོགས་པར་ཡུལ་སྐོར་ཞབས་ཞུའི་རྣམ་གྲངས་མང་དུ་བཏང་བས་ཡུལ་སྐོར་བ་ཁག་གཅིག་ལ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།