དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སར་ཕུའུ་ཀྲོའུ་ལས་དངོས་འབྲེལ་དྲོ་བ་ཡོད་དམ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-02-06

    ཉིན་གཉིས་གོང་ཕུའུ་ཀྲོའུ་ཡི་དབོན་ཝུན་ཧྥུང་དང་དབོན་ཝུན་ཁྲེང་བུ་མོ་སྤུན་གཉིས་ལྷ་སར་ཡུལ་སྐོར་ལ་སླེབས། ཁོང་གཉིས་འདི་གར་འབྱོར་རྗེས་དྲོད་ཚད་བསམ་ཡུལ་ལས་མཐོ་བ་ཡོད་པ་ཤེས།

    “ལྷ་སར་ཕུའུ་ཀྲོའུ་ལས་དྲོ་བ་འདུག དོར་མ་གཅིག་ལས་མ་གྱོན་ནའང་འཁྱག་གི་མི་འདུག”ཅེས་དབོན་ཝུན་ཧྥུང་གིས་གསར་འགོད་པར་བཤད་བྱུང་།

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ལས་མངོན་གསལ། ཟླ་1ཚེས་30ཉིན་ལྷ་ས་གྲོང་ཁྱེར་གྱི་དྲོད་ཚད་མཐོ་ཤོས་18.7℃ཟིན་པ་དང་ཚེས་31ཉིན་དྲོད་ཚད་མཐོ་ཤོས་17.6℃ལས་བརྒལ་ནས་ཉུང་མཐར་ཡང་ཉིན་གཉིས་བསྟུད་མར་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གྲོང་ཁྱེར་གྱི་དྲོད་ཚད་ལས་མཐོ་བ་ཡོད། གཞན་ཡང་། གངས་ཆར་གྲང་རྒྱུན་གྱིས་ཁྱབ་པའི་ས་ཁུལ་མང་ཆེ་བ་དང་བསྡུར་ན། “གངས་ལྗོངས་གནས་མཆོག”ལ་དྲོ་སྐྱིད་ལྡན་པའི་དཔྱིད་ཀ་སྔོན་ལ་འཆར་བའི་ཚོར་སྣང་ཡོང་ཐུབ།

    “འདི་ལོའི་ཟླ་བ་དང་པོར་ལྗོངས་ཡོངས་ཀྱི་དྲོད་ཚད་འདས་ཟིན་པའི་ལོ་དང་བསྡུར་ན། དྲོད་ཚད་མཐོ་ཙམ་དང་ཆར་ཆུ་ཉུང་ཙམ་ཡོད”བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་གནམ་གཤིས་ལས་སྟེགས་ཀྱི་མཐོ་རིམ་བཟོ་བཀོད་པ་བདེ་ཆེན་གྱིས་ལྷ་ས་གྲོང་ཁྱེར་གྱི་དྲོད་ཚད་མཐོ་ཤོས་དུས་མཚུངས་ཀྱི་19.3℃གྱི་ལོ་རྒྱུས་ཟིན་ཐོ་ལས་བརྒལ་ཐུབ་མེད། གཞན་ཡང་། ས་མཐོའི་གནམ་གཤིས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་ཉིན་མཚན་དབར་དྲོད་ཚད་ཧེ་བག་ཆེ་ཙམ་ཡོད་པས་དྲོད་ཚད་མཐོ་ཤོས་བསྡུར་བ་བཏང་ན་དོན་སྙིང་ཆེན་པོ་མེད་ཅེས་བཤད།

    བདེ་ཆེན་གྱིས་ལྷ་ས་གྲོང་ཁྱེར་ལ“ཉི་འོད་གྲོང་ཁྱེར”ཞེས་འབོད་སྲོལ་ཡོད། ལྷ་ས་ནི་བོད་ལ་རྒྱུས་མངའ་མེད་པའི་མི་ཚོའི་ཚོར་སྣང་ཁྲོད་ཀྱི“གྲང་ངར་ཆེ་བའི་ས་ཆ”ཞིག་གཏན་ནས་མིན། འདི་གར་ས་བབ་མཐོ་བ་དང་གསོ་རླུང་ཉུང་བས་ཨ་སྔོན་ཉི་ཟེར་འོག་དྲོད་ཚད་འཕེལ་མགྱོགས་པོ་ཡོད། དེར་བརྟེན་ཉིན་དགུང་མཚམས་སུ་དཔྱིད་ཀ་ཤར་བ་ལྟ་བུའི་ཚོར་སྣང་ཡོང་བ་ནི་ཡ་མཚན་སྐྱེ་དོན་གང་ཡང་མེད་ཅེས་འགྲེལ་བཤད་བརྒྱབ།

    ཟླ་བ་དང་པོར་ལྷ་ས་གྲོང་ཁྱེར་ཚུད་པའི་བོད་ཀྱི་ས་ཁུལ་མང་པོའི་དྲོད་ཚད་མཐོ་ཙམ་ཡོད། “ཚད་གཞི་ངེས་ཅན་ཞིག་ནས་གྲང་རླུང་ཤུགས་ཆེན་པོ་མེད་པ་དང་། དེ་གོང་གངས་གསོག་ཐེབས་མེད་པ། ཉིན་མོ་གནམ་དྭངས་ཤིང་ཉི་འོད་ཕོག་ཡུན་རིང་བ་སོགས་དང་འབྲེལ་བ་ཡོད” བདེ་ཆེན་གྱིས་ཟླ་བ་དང་པོའི་ཟླ་མཇུག་བར་ལྷ་ས་གྲོང་ཁྱེར་དུ་ཉིན་110བསྟུད་མར་ཆར་ཆུ་བབས་མེད་པ་མ་ཟད། ད་དུང་ཡར་ཀླུང་གཙང་པོའི་ངོགས་ཀྱི་ས་ཆ་མང་པོར་ཉིན་100ལྷག་ཙམ་ཆར་པ་བབས་མེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།