དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་བྲིན་སྐུལ་གྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་འགྲེམས་འཚོང་མནའ་འབྲེལ་ཚོགས་པ་སྒྲིག་འཛུགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-02

    ཟླ་1ཚེས་31ཉིན་གྱི་ཕྱི་དྲོ། རང་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད·ས་གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་སྤྱོད”ཞེས་པའི་བྲིན་སྐུལ་མནའ་འབྲེལ་ཞིག་བཙུགས་ནས་ལྷ་སར་མཉམ་དུ་བྲིན་སྐུལ་བྱེད་པའི་ཡོངས་བསྒྲགས་ཚོགས་འདུ་ཞིག་ཐོག་མར་འཚོགས་པ་རེད།

    བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་དང་། བོད་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་མཐུན་ཚོགས། བོད་ལྗོངས་ཡུལ་སྐོར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་མཐུན་ཚོགས། བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད·ས་གོ་ལའི་མཐའ་སྣེ་གསུམ་པ་མཉམ་དུ་སྤྱོད”ཞེས་པའི་བྲིན་སྐུལ་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་བཙུགས་པ་དང་ད་ལྟ་མནའ་འབྲེལ་དེ་བོད་ལྗོངས་ཡུལ་སྐོར་སྤྱི་ཁྱབ་ཀུང་སི་སོགས་ཡུལ་སྐོར་ལས་དོན་ཁང་11དང་། ལྷ་ས་གསོལ་མགྲོན་ཁང་སོགས་གསོལ་མགྲོན་ཁང་20 བོད་ལྗོངས་ཉིང་ཁྲིའི་རོང་ཆེན་མཛེས་ལྗོངས་ཁུལ་སོགས་ཚན་པ་5བཅས་ལས་གྲུབ་ཡོད་པ་དང་མནའ་འབྲེལ་དེས་ཟླ་2ཚེས་1ནས་ཟླ་4ཚེས་30ཉིན་བར་མནའ་འབྲེལ་དེའི་སྐར་མ་རིམ་པ་གསུམ་ཡན་གྱི་གསོལ་མགྲོན་ཁང་དུ་སྡོད་མཁན་ཡུལ་སྐོར་བར་ཁང་རིན་དེ་ན་ནིང་དུས་མཚུངས་ཀྱི་གཟིགས་སྐྱོང་རིན་གོང་གི་50%ལས་མི་མཐོ་བ་བྱ་རྒྱུ་དང་། མནའ་འབྲེལ་ཡུལ་སྐོར་ལས་དོན་ཁང་ནང་ཞུགས་མཁན་ཡུལ་སྐོར་བའི་ཁང་རིན་དེ་ཚོགས་པ་མིན་པའི་ཡུལ་སྐོར་བའི་ཁང་རིན་ལས་དམའ་བ་བསྡུ་རྒྱུ། མནའ་འབྲེལ་མཛེས་ལྗོངས་ཁུལ་ལ་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བ་ཡིན་ཚེ་སྒོ་འཛིན་གྱི་རིན་སྤྲོད་མི་དགོས་པ་བཅས་ཀྱི་ཁྱབ་བསྒྲགས་བྱས་པ་རེད།

    479364_yis_1517461842336.jpg

    གངས་རི་ར་བས་བསྐོར་བའི་དགུན་དུས་ཀྱི་བོད་དུ་དུས་ཆེན་གྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། གཙུག་ལག་ཁང་དང་། ཕོ་བྲང་པོ་ཏ་ལ། ཇ་ཁང་བཅས་སུ་མི་ཚོགས་ཆེ་བ་དང་དུས་ཆེན་གོང་གི་འཁྲུག་ཆ་དོད་པའི་སྣང་ཚུལ་ཉམས་སུ་མྱོང་བར་ཡོང་བའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་རྒྱུན་ཆད་རྒྱུ་མེད་ཅིང་། འདི་ནི་རྐང་ཐང་མར་རི་བོ་ཧི་མ་ལ་ཡ་སྒྲོལ་མཁན་གྱིས་གངས་རིའི་ཕྱོགས་སུ་སྐྱོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།