དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ན་ནིང་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-01-29

    གསར་འགོད་པར་ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོར་བོད་ཀྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2561.4ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་379.4ཟིན་པ་དེ་དུས་མཚུངས་ལས་10.6%དང་14.7%སོ་སོར་འཕར་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།

    བོད་ལ་ཕུན་སུམ་ཚོགས་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡོད་པ་དང་མཛེས་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེར་ཡོང་རྒྱུའི་ཡིད་དབང་འགུག་གི་ཡོད། འདས་ཟིན་པའི་ལོ་ལྔའི་ནང་རིམ་རྩིས་བརྒྱབ་ན་བོད་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1300ལྷག་ཙམ་བྱུང་བ་དང་ཡུལ་སྐོར་ལས་རིགས་འདི་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རྣམ་པའི་ཐོན་ལས་སུ་གྱུར་ནས་ཞིང་འབྲོག་པའི་སྣེ་ཁྲིད་དེ་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་རེད།

    མིག་སྔར་བོད་ཀྱི་ལྗོངས་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་99%ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གཞུང་ལམ་གྱི་ལམ་ཐག་བསྡོམས་འབོར་སྤྱི་ལེ་ཁྲི་6.5ནས་སྤྱི་ལེ་ཁྲི་9བར་རིང་དུ་ཕྱིན་པ། ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་གཞི་རྩའི་ཐོག་བསྐྲུན་ཟིན་པ། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་37ནས་79བར་མང་དུ་ཕྱིན་པ། སྒྲིག་ཚུད་གྲོང་ཚོར་སྒུལ་བདེའི་བརྡ་རྟགས་ཡོངས་ཁྱབ་བྱུང་བ་དང་དྲ་ཆེན་ཤར་གཏོང་ཐུབ་ཚད་85%ཟིན་ཡོད། ད་ཆ་ཡུལ་སྐོར་བས་བོད་དུ་ཡུལ་སྐོར་བྱེད་པའི་སྟབས་བདེ་མང་དག་ཅིག་སྔར་བས་ཚོར་ཐུབ་ཀྱི་ཡོད།

    2018ལོར་བོད་ཀྱིས་གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་དང་། སེར་གླིང་མཚོ། མངའ་རིས་ཀྱི་རོང་ཆེན། ཡིད་འོང་ལྷ་རིའི་ས་དབྱིབས་ཐད་དཔྱངས་འགྱུར་ལྡོག་ཁུལ་སོགས་མཚོན་བྱེད་དུ་བྱེད་པའི“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་བཏོད་པ་དང་ཐང་ག་དང་། སྤོས། ཁ་གདན། སྣམ་བུ་སོགས་ས་མཐོའི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཧུར་ཐག་བྱ་རྒྱུ་རེད། གྲོང་གསེབ་ཡུལ་སྐོར་དང་། སྣོད་བཅུད་ཞིང་ལས། དགུན་དུས་ཡུལ་སྐོར་སོགས་ཀྱི་རྣམ་པ་འཕེལ་རྒྱས་བཏང་བ་བརྒྱུད། ཡུལ་སྐོར་བ་བསྡོམས་འབོར་མི་ཐེངས་ཁྲི་3300ལྷག་ཙམ་ཟིན་ནས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11670ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།