ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་གྱི་ཀླུ་ནང་གྲོང་རྡལ་སོགས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་9པོ་དག་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་འདེམས་ཨུ་ལྷན་གྱི་སྤྱི་བསྒྲགས་ཐོག་འཁོད་པ་དེ་ལས། མིག་སྔར་བོད་རང་སྐྱོང་ལྗོངས་ལ་ཐོབ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གཟི་བརྗིད་མཚན་སྙན་གཅིག་ཤོས་དེ་ཡིན་པ་དང་། ད་བར་རྒྱལ་ཡོངས་སུ་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཡུལ་སྐོར་མཛེས་ལྗོངས་ཁུལ་26ལས་མེད།
རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་སོགས་རང་བྱུང་སྲུང་སྐྱོང་ས་ཁོངས་དང་མི་འདྲ་བ་ནི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་དེ་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་ལ་གཏོགས་ཀྱི་ཡོད། དེ་གོང་ཁྱབ་བསྒྲགས་བྱས་པའི《ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་རིམ་པ་ཁག་བགོས་ཞིབ་སྲོལ》གཞིར་བཟུང་། རྒྱལ་ཡོངས་ས་གནས་ཁག་གི་མཛེས་ལྗོངས་གྲགས་ཅན་ཁུལ་དེ་དག་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ལ་འགྱུར་འདོད་ན་གནམ་གཤིས་ཀྱི་ཆ་རྐྱེན་དང་། ཁོར་ཡུག དོ་དམ་སྒྲིག་གཞི་ནུས་ལྡན་སོགས་བཙན་སྐུལ་རང་བཞིན་ཀྱི་ཚད་གཞི་8དང་ངེས་པར་དུ་འཚམ་པ་བྱེད་དགོས།
ཀླུ་ནང་གྲོང་རྡལ་ཆུང་ངུ“རྒྱལ་ཁབ་རིམ་པའི”སྤྲོ་གསེང་ཁུལ་ལ་མགྱོགས་མྱུར་བདམས་ཐོན་བྱུང་བ་དེ་དག་ཀོང་ཏུང་ཞིང་ཆེན་གྱི་ཤུགས་ཆེའི་རྒྱབ་སྐྱོར་རེད་ལ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་35བཏང་བའི་རྒྱལ་ཡོངས་ཀྱི་བོད་སྐྱོར་ཡུལ་སྐོར་རྣམ་གྲངས་ཆེ་ཤོས་དེའང་རེད།