དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • པར་རིས་གཅེས་བསྡུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-22

    ཧོང་ཡའོ་རིགས་ཀྱི་གྱོན་ཆས་ལྷག་པར་མཛེས། འཚེམ་བུའི་ལག་རྩལ་མི་རབས་དུ་མས་འཛིན། 

    474562_yis_1516510923166.jpg

     ཡའོ་རིགས་ཀྱི་རྒྱུད་ཅིག་ཡིན་པའི་ཀོང་ཤིས་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ལོང་ཅིས་གྲོང་རྡལ་གྱི་ཧོང་ཡའོ་རིགས་ཀྱི་སྤུན་ཟླ་གྱོན་ཆས་དམར་པོར་དགའ་བ་ལས་སྐད་གྲགས་ཆོད་པ་ཞིག་རེད། ཧོང་ཡའོ་རིགས་ཀྱི་གྱོན་ཆས་བཟོ་བར་ངག་ཐོག་ནས་གཅིག་ལ་གཅིག་རྒྱུད་ཀྱི་སློབ་པ་ལས་དཔེ་བལྟ་ས་མེད། ལས་རིམ་རྙོག་འཛིང་ཆེ་ཡང་བློ་རིག་བཀྲ་ལ་མ་ལག་བདེ་བའི་ཧུང་ཡའོ་རིགས་ཀྱི་བུད་མེད་ཚོས་ངང་རྒྱུད་རིང་པོས་མི་རིགས་ཀྱི་ལག་རྩལ་དེའི་རྒྱུན་བསྐྱངས་ཤིང་། འདི་ནི་ཀོང་ཤིས་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ལོང་ཅིས་གྲོང་རྡལ་ཧོང་ལུའོ་ཡའོ་རིགས་གྲོང་ཚོར་ལོ་69ལ་སླེབས་པའི་རྒན་མོ་ཕན་ལུང་ཧྥུན(དཀྱིལ)གྱིས་གཞོན་ནུ་ཚོར་ཧོང་ཡའོ་རིགས་ཀྱི་གྱོན་ཆས་བཟོ་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    ཧུའུ་པེ་ཤང་དབྱང་དུ་མེ་འཁོར་ཉམས་བཟོ་བྱས་ནས་དཔྱིད་གསར་གྱི་སྐྱེལ་འདྲེན་བསུས་པ། 

    473880_yis_1516257300560.jpg

    དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བདེ་འཇགས་ཡོང་ཆེད། ཝུའུ་ཧན་ལྕགས་ལམ་ཅུས་ཤང་དབྱང་འཕྲུལ་དོན་ལམ་ཐིག་གིས་ལམ་ཐིག་ཡོངས་ཀྱི་གློག་ཤུགས་མེ་འཁོར་400ལྷག་ཙམ་གྱི་འགག་རྩའི་ལྷུ་ལག་ལ“ལེབ་བཤེར་རྣམ་པའི”ཆེད་དོན་ཞིབ་བཤེར་ཉམས་བཟོ་བྱས་ནས་ཞིབ་བཤེར་དང་ཉམས་བཟོའི་ལས་སྒོའི་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་མེ་འཁོར་གྱི་བདེ་འཇགས་འགན་ལེན་བྱས་ཤིང་། འདི་ནི་ཝུའུ་ཧན་ལྕགས་ལམ་ཅུས་ཤང་དབྱང་འཕྲུལ་དོན་དུམ་བུའི་ལས་དོན་མི་སྣས་མེ་འཁོར་ལ་ཞིབ་བཤེར་ཉམས་བཟོ་བྱེད་པའི་གནས་ཚུལ་ཡིན་པ།

    ཁྲུང་ཆིང་ནས་ཀུའེ་དབྱང་བར་གྱི་མེ་འཁོར་ཤར་གཏོང་ཐུབ་པ། 

    473882_yis_1516257303555.jpg

    ཉེ་ཆར་ཁྲུང་ཆིང་ནས་ཀུའེ་དབྱང་བར་གྱི་ལྕགས་ལམ་གྱི་ཀུའེ་དབྱང་ས་ཁུལ་གྱི་མེ་འཁོར་གཏོང་ཐེངས་དང་པོའི་ཁ་ལོ་བ་དང་། ཞབས་ཞུ་མ། མེ་འཁོར་ཉེན་རྟོག་པ་སོགས་ལས་གནས་སུ་བསྐྱོད་པ་དང་། ཁྲུང་ཆིང་ནས་ཀུའེ་དབྱང་བར་གྱི་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀུའེ་དབྱང་ས་ཁུལ་གྱི་འབྲེལ་ཡོད་ལྕགས་ལམ་ཚན་པའི་ཞབས་ཞུ་མ་160ལྷག་ཙམ་དང་ཁ་ལོ་བ་50ལྷག་ཙམ་གྱིས་ཁྲུང་ཆིང་ནས་ཀུའེ་དབྱང་བར་གྱི་མེ་འཁོར་བདེ་འཇགས་ངང་སྐྱོད་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་ཤིང་། འདི་ནི་མེ་འཁོར་གཏོང་ཐེངས་དང་པོའི་ལས་འགན་འཁུར་མཁན་ཀུའེ་དབྱང་འགྲུལ་སྐྱེལ་དུམ་བུའི་ཞབས་ཞུ་མ་ཡིན་པ།

    གངས་འཁྱག་གིས་བཀླུབས་པའི་ནཱ་ཏ་མུའུ་ཡི་འདུ་ཚོགས་ལ་རྩྭ་ཐང་གི་རྟའི་རིག་གནས་ངོམས་པ། 

    473883_yis_1516257305069.jpg

    ཉེ་ཆར། “རྟ་ཐོག་གི་གླུ་སྒྲ”ཞེས་པའི་དགུན་དུས་ཀྱི་ནཱ་ཏ་མུའུ་འདུ་ཚོགས་ཤིས་ལིང་ཧོ་ཐེ་གྲོང་ཁྱེར་རྒྱ་བྱའི་རྟ་རར་འགོ་ཚུགས་པ་རེད། ཡུལ་དེའི་དགུན་དུས་ཡུལ་སྐོར་གྱི་རྣམ་གྲངས་གལ་ཆེན་ཡིན་པའི་ངོས་ནས་ད་རེས་ནཱ་ཏ་མུའུ་འདུ་ཚོགས་ཀྱིས་རྒྱལ་ཡོངས་ས་ཕྱོགས་ཁག་གི་ཡུལ་སྐོར་བ་དང་པར་རྒྱག་ལ་དགའ་པོ་བྱེད་མཁན་ཚོ་ལྟད་མོ་ལྟ་བར་བཀུག་ཡོད་ཅིང་། འདི་ནི་ནང་སོག་ཤིས་ལིང་ཧོ་ཐེ་གྲོང་ཁྱེར་རྒྱ་བྱའི་རྟ་རར་ཡུལ་དེའི་འབྲོག་པས་རྟ་ཐོག་ནས་ཁ་བཏགས་བསྒྲུགས་ཏེ་རྟ་རྩལ་ངོམས་བཞིན་པ།

    ཨ་ལེ་ཐེའི་གངས་འཁྱག་རོལ་རྩེད་ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་འགོ་ཚུགས་པ། 

    473881_yis_1516257302042.jpg

    ཉེ་ཆར་2017ནས་2018ལོ་འཁོར་གྱི་ཨ་ལེ་ཐེའི་གངས་འཁྱག་རོལ་རྩེད་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཤིན་ཅང་ཨ་ལེ་ཐེ་རུ་གཉེར་བ་རེད།འདི་ནི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་འཁྲབ་སྟོན་པས་གངས་ཁྲོད་དུ་དངོས་ལྗོངས་འཁྲབ་སྟོན་བྱེད་རིང་རྟ་ཡིས་གངས་གྲུ་འདྲུད་པའི་རྣམ་པ་འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།