དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ནང་སའི་མཛེས་པའི་ཡུལ་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-27

    རྦབ་ཆུའི་མཛེས་ལྗོངས། 

    465611_yis_1514265016808.jpg

    ཉེ་ཆར། ཆིན་ཅིན་གྲོག་རོང་ཆེ་མོའི་རྨ་ཆུའི་རྦབ་ཆུའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10བར་དུ་ཆག་པ་དང་། འོད་འཚེར་བའི་འཁྱག་པ་དང་མཁའ་དབྱིངས་སུ་འཆར་བའི་འཇའ་ཚོན་གཉིས་ལས་མཛེས་ལྗོངས་རྨད་དུ་བྱུང་བ་ཞིག་གྲུབ་ཅིང་། འདི་ནི་ཉེ་ཆར་ཡུལ་སྐོར་བས་ཧྲའན་ཤིས་ཞིང་ཆེན་དབྱི་ཁྲོན་རྫོང་རྦབ་ཆུའི་མཛེས་ལྗོངས་ཁུལ་དུ་འཇའ་ཚོན་ལ་ལྟ་བའི་གནས་ཚུལ་ཡིན་པ།

    “གངས་འཁྱགས་ཀྱི་འཇིག་རྟེན” 

    465610_yis_1514265015997.jpg

    ཉེ་ཆར། སྐབས་བཅུ་དགུ་པའི་ཧའར་པིན་གྱི་གངས་འཁྱགས་ཀྱི་འཇིག་རྟེན་བསྐྲུན་རྒྱུར་བྲེལ་ཞིང་། བཟོ་པ་སྟོང་ཕྲག་མང་པོས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་ཙམ་ལ་ལས་ཀ་བྱས་ནས་གངས་འཁྱགས་ཀྱི་སྤྱི་གླིང་སྐྲུན་བཞིན་ཡོད། སྐབས་འདིའི་གངས་འཁྱགས་ཀྱི་འཇིག་རྟེན་དེར་འཁྱགས་པ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་18དང་གངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་15སྤྱད་ཡོད། གངས་འཁྱགས་ཀྱི་མཛེས་ལྗོངས་2000ལྷག་ཙམ་ཡོད་པ་དང་ཟླ་12པའི་ཟླ་སྨད་དུ་སྒོ་དབྱེ་རྒྱུ་ཡིན་ཞིང་། འདི་ནི་ཧའར་པིན་གངས་འཁྱགས་ཀྱི་འཇིག་རྟེན་བསྐྲུན་བཞིན་ཡོད་པ།

    ལག་ཤེས་རྙིང་པས“སྟག་མགོ་ཆུང་ཆུང”བཙེམས། 

    465608_yis_1514265014172.jpg

    ལོ་20ལྷག་ཙམ་རིང་ལོ་ལྟར་གྱི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་ལག་ཤེས་མཁས་པའི་རྒན་མོ་ཞིག་སྟག་མགོའི་ལྷམ་འཚེམ་རྒྱུར་བྲེལ་གྱི་ཡོད། སྟག་མགོའི་ལྷམ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་བྱིས་པའི་ལྷམ་ཞིག་ཡིན་པ་དང་ཚོན་མདོག་རྣམ་པར་བཀྲ་བ་དང་། འཚེམ་ཁག་པ། བཀྲ་ཤིས་པའི་ནང་དོན་མཚོན་པ་བཅས་ཡིན་ཞིང་། འདི་ནི་ལོ་85ལ་སོན་པའི་རྒན་མོ་ཀྲའོ་ཁའེ་དབྱིང་གིས་བཙེམས་པའི་སྟག་མགོའི་ལྷམ་ཡིན་པ།

    ཧོ་པེའི་ཕིང་ཧྲན་ཤེལ་ཟམ་ལ་ཡུལ་སྐོར་བ་དངོས་སུ་གཏོང་འགོ་ཚུགས་པ། 

    465609_yis_1514265015046.jpg

    ཉེ་ཆར། ཡུལ་སྐོར་བས་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཧུང་ཡཱ་ཀུའུ་མཛེས་ལྗོངས་ཁུལ་གྱི་ཤེལ་ཟམ་ཐོག་བསྐྱོད་ནས་སྐྱི་གཡའ་བའི་ཚོར་སྣང་ཉམས་སུ་མྱོང་བ་རེད། ཁྱོན་རིང་ཚད་སྨི་488དང་། ཞེང་ཚད་སྨི་4 ཟམ་ངོས་དང་ས་ངོས་ཀྱི་བར་ཐག་སྨི་218ཙམ་བཅས་ཡོད་པའི་ཤེལ་ཟམ་དེའི་ཐོག་དུས་གཅིག་ལ་མི་600སྐྱོད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།