ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ཚན་རིག་མཁས་པའི་ཞིབ་འཇུག་འབྲས་བུ་གསར་ཤོས་ཤིག་ལས་མངོན་དོན། ཨེར་ཉི་ནུའོ་སྣང་ཚུལ་དེ་མཚོ་བོད་ས་མཐོའི་སྤུས་ཚད་དོ་སྙོམས་ལ་ཤུཌ་རྐྱེན་བཟོ་བའི་རྒྱུ་རྐྱེན་ཆེ་ཁག་གཉིས་པར་གྱུར་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་ཨེར་ཉི་ནུའོ་སྣང་ཚུལ་ཤུགས་ཆེར་སོང་བ་དང་སྦྲགས་དེ་མཚོ་བོད་ས་མཐོའི་སྤུས་ཚད་དོ་སྙོམས་འགྱུར་ལྡོག་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཆེ་ཁག་གཉིས་པར་གྱུར་པ་དང་ས་ཁུལ་དེའི་སྤུས་ཚད་འགྱུར་ལྡོག་གི་16%གང་དེས་འགྲེལ་པ་རྒྱག་ཐུབ། དེའི་ཤུགས་རྐྱེན་ནུབ་རླུང་རྒྱུད་དང་ལྷ་ཉི་ནཱ་སྣང་ཚུལ་ལས་ཆེ་བ་ཡོད།