དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་གྱིས་སླར་ཡང་ཡུལ་སྐོར་བར་སྣེ་ལེན་ཞུ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-12-08

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་ཡུལ་སྐོར་བར་སྣེ་ལེན་ཞུ་མཚམས་བཞག་པའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་གྱིས་ཚེས་5ཉིན་སླར་ཡང་ཡུལ་སྐོར་བར་སྣེ་ལེན་ཞུ་འགོ་ཚུགས་པ་རེད།

    ཟླ་11ཚེས་18ཉིན་གྱི་ཆུ་ཚོད་6དང་སྐར་མ་34ཐོག་བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ས་ཡོམ་རིམ་པ་6.9བརྒྱབ་ཅིང་། ས་ཡོམ་བརྒྱབ་པའི་དབང་གིས་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་གྱིས་གནས་སྐབས་ཡུལ་སྐོར་བར་སྣེ་ལེན་ཞུ་མཚམས་བཞག་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ས་ཡོམ་བརྒྱབ་རྗེས་ས་གནས་དེ་གས་མི་སྣ་འཕྲལ་མར་སྒྲིག་འཛུགས་བྱས་ཏེ་ཉིན་བཅུ་གྲངས་གྲལ་བཤེར་ནན་པོ་བྱས་ནས་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་བསལ་ཡོད། མིག་སྔར་མཛེས་ལྗོངས་ཁུལ་དུ་ལས་སྒོ་རྒྱུན་གཏན་བཞིན་སླར་གསོ་བྱུང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་འགོ་ཚུགས་ཡོད་ཅེས་བཤད་པ་རེད།

    ཁྱོན་རིང་ཚད་སྤྱི་ལེ་504ཡོད་པ་དང་། གཏིང་ཚད་སྨི་6009ཟིན་པ། རོང་ཁུལ་དུ་རང་བྱུང་ཁུལ་མི་འདྲ་བ་མང་པོ་ཡོད་པ། སྐྱེ་དངོས་ཐོན་ཁུངས་སྣ་ཚོགས་ཡོད་པ། ཡུལ་ལྗོངས་ཤིན་ཏུ་མཛེས་པ་བཅས་ཀྱི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་སུ་ཡོད་པའི་ཡར་ཀླུང་གཙང་པོའི་རོང་ཆེན་ནི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ཞིག་རེད།

    ནགས་ཚལ་དང་། གྲོག་རོང་། ཆུ་བོ། མཚེའུ་སོགས་ཡོད་པ་མ་ཟད། ད་དུང་ཡར་ཀླུང་གཙང་པོའི་རོང་ཆེན་དང་རི་བོ་གནམ་ལྕགས་འབར་བ་སོགས་ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ཡོད་པས། ཉིང་ཁྲིར“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཞིང་། 2016ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་437ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་39བྱུང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།