
ཡུལ་སྨད་ཤང་ནི་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཁོངས་སུ་གནས་པ་དང་རང་རྒྱལ་གྱི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་པའི་ལྷུན་རྩེར་ཧིན་རྡུ་རྒྱ་མཚོའི་དྲོད་རླུང་དབང་གིས་ཆར་ཆུ་འབེལ་བ་དང་ཤིང་སྣ་སྟུག་པས་པིར་རྩེ་ལས་ཐོན་པའི་རི་མོ་ལྟར་མཛེས། ས་བབ་ཀྱི་གཟར་ཚད་མཐོ་བའི་དབང་གིས་ཡུལ་སྨད་ཤང་ལ“ཉིན་གཅིག་ལ་ནམ་དུས་བཞི་དང་ལེ་དབར་བཅུ་རེར་གནམ་གཤིས་མི་འདྲ་བའི”མཛེས་ལྗོངས་ལྡན་ཞིང་། འདི་ནི་ཡུལ་སྨད་ཤང་ཁོངས་ཀྱི་གདོད་མའི་ནགས་ཚལ་ཡིན་པ།