དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-23

    ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་རྗེས་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་ཉིན་རེའི་ཚོགས་འདུའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་དུས་ཐོག་ཏུ་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཚོགས་ཆེན་བལྟས་པ་དང་སློབ་སྦྱོང་བྱས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི”བླང་བྱ་གཞིར་བཟུང་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པ་དང་དཔའ་ངར་ཆེན་པོས་སྣོད་བཅུད་སྲུང་སྐྱོང་གི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་རྒྱུ་ཡིན་ཞེས་བཤད་པ་རེད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་རྒྱ་ཆེའི་ལས་བྱེད་ལས་བཟོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཀྱི་ཚོགས་འདུ་གཟབ་རྒྱས་བལྟས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་གནང་བའི་སྙན་སྒྲོན་ཉན་པ་རེད། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་ཏང་ཡོན་ལས་བྱེད་པ་150ལྷག་ཙམ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་ནང་དོན་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཁྲུའུ་ཡི་ཁྲུའུ་ཀྲང་ཟླ་བས“སྙན་སྒྲོན་ནང‘སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི’ཁོར་ཡུག་སྲུང་སྐྱོང་གི་སྤྱིའི་བླང་བྱ་བཏོན་པ་དང་། ‘ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། སྣོད་བཅུད་ཁོངས་གཏོགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས’ལ་གཙོ་གནད་ཐོག་རྒྱས་བཤད་བྱས་པས་ང་ཚོས་རྒྱས་བཤད་གཙོ་བོ་དེ་དག་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་པ་བྱེད་དགོས་ངེས་རེད”ཅེས་བཤད།

    རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་འཕྲལ་མར་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་ཚུལ་དང་སློབ་སྦྱོང་བྱེད་པའི་མྱོང་བ་བོད་ལྗོངས་ནགས་ལས་ཆ་འཕྲིན་དྲ་བ་དང་སྐད་འཕྲིན་སྤྱི་རྟགས་སོགས་གཞི་རྟེན་བརྒྱུད་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ་དང་ལས་བྱེད་ལས་བཟོས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། གོམ་སྟབས་རྗེས་མར་ལྗོངས་ནགས་ལས་ཐིང་གིས་དུས་ཐོག་ཏུ་རྣམ་པ་མི་འདྲ་བའི་སློབ་སྦྱོང་འཆར་གཞི་བཟོས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་པ་རེད།

    “‘ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་རྒྱུན་འཁྱོངས་ཡོང་ཐུབ’རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་བློས་གཏོང་བྱ་རྒྱུ་རིན་དོད་དུ་མ་བྱས་པར་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱས་ཡོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རིང་རང་ལྗོངས་ཀྱིས་དཔའ་ངར་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་བ་དང་འབད་འབུངས་མདུན་སྐྱོད་བྱས་ཡོད”ཅེས་ལྗོངས་ནགས་ལས་ཐིང་ཏང་ཙུའི་ཧྲུའུ་ཅི་ཚུལ་ཁྲིམས་རྒྱ་མཚོས་བཤད།

    ལྗོངས་ཁོར་ཡུག་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀྲང་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དང་རང་བྱུང་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པས་མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་དགོས”ཞེས་པ་དང“ང་ཚོས་བསྐྲུན་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་རེད”ཅེས་པའི་རྒྱས་བཤད་ནན་བཤད་གནང་བ་ལས་བབ་ཆགས་ལ་གཏིང་ཟབ་པའི་གནས་ལུགས་ཤིག་མཚོན་པར་བྱས་པ་སྟེ་སྣོད་བཅུད་ཁོར་ཡུག་ཀྱང་ཐོན་སྐྱེད་ནུས་ཤུགས་རེད་ཅེས་པ་དེ་རེད། སླད་ཕྱིན་གྱི་ལས་དོན་ཁྲོད་གནམ་སྔོ་བ་དང་། ཆུ་མོ་དྭངས་བ། རི་སྔོ་བ། ས་གཞི་སྔོ་ལྗང་། སྐྱེ་དངོས་སྣ་མང་ཅན་བཅས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་དམག་ཅིག་གང་ཐུབ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།