གསར་འགོད་པས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར། 2014ལོ་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱས་ཚུན། རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ལག་བསྟར་བྱས་པ། ལྗང་མདོག་གི“བཀོད་འདོམས་དབྱུ་གུའི”སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔྱད་ཞིབ་བརྒྱུད་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་དཔྱད་ཞིབ་བྱ་དགའི་གཏན་འབེབས་གཞིར་བཟུང་ལོ་གསུམ་ནང་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་0.73དང་། སྒོར་དུང་ཕྱུར་0.77 སྒོར་དུང་ཕྱུར་0.76བཅས་སྤྲད་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚད་མི་ལོན་པའི་རྫོང(ཆུས)སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་སྐོང་འདྲི་བྱས་ཡོད།
2014ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་སྒྱུར་འཕེལ་བརྟན་གསུམ་ལས་དོན་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དཔྱད་ཞིབ། མཉམ་དུ་དོན་འཁྱོལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ལ་ཐུག་པའི་རིགས་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད།
སྣོད་བཅུད་བྱེད་ནུས་ཁུལ་གྱི་ཚད་གཞི་མི་འདྲ་བའི་བླང་བྱ་གཞིར་བཟུང་། ཧེ་བག་ཡོད་པའི་སྒོ་ནས་དཔྱད་ཞིབ་ལ་དམ་འཛིན་མཐའ་འཁྱོངས་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་ཚད་བཀོད་སྒྲིག་བྱས་པ། ཞིང་ཁུལ་དང་། འབྲོག་ཁུལ། ནགས་ཁུལ་བཅས་རིགས་དབྱེ་དཔྱད་ཞིབ་བྱས་ཏེ་དཔྱད་ཞིབ་ཀྱི་ཚན་རིག་རང་བཞིན་དང་། འདྲ་མཉམ་རང་བཞིན། བསྡུར་ཆོག་རང་བཞིན་བཅས་མཐོ་རུ་བཏང་ཡོད། ཧེ་བག་ཡོད་པའི་སྒོ་ནས་དཔྱད་ཞིབ་བྱས་པ་བརྒྱུད། གཞི་རིམ་རྫོང་དང་ཆུས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ནས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་གཏོང་ནུས་ལྡན་ཐུབ་ཡོད།
རང་ལྗོངས་ཀྱིས་དཔྱད་ཞིབ་འབྲས་བུ་རང་སྐྱོང་ལྗོངས་རྩ་འཛུགས་མི་དོན་དང་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་ལ་བརྒྱུད་བསྐུར་བྱས་ཏེ་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་སྐབས་སྤྱོད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་བ་དང་། ལོ་འཁོར་གྱི་དཔྱད་ཞིབ་ཚད་གཞི་མི་ལོན་པའི་རྫོང(ཆུས)ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དེའི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་སྐོང་འདྲི་བྱེད་ཀྱི་ཡོད། དཔྱད་ཞིབ་འབྲས་བུ་དེ་ནོར་སྲིད་ཀྱིས་གཏོང་སྤྲོད་གཞན་སྒྱུར་དང་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱེད་པའི་གཞི་འཛིན་སར་བརྩིས་ཏེ་ལོ་འཁོར་མོར་དཔྱད་ཞིབ་ཚད་གཞི་མི་ལོན་པའི་རྫོང(ཆུས)ནས་ནོར་སྲིད་ཀྱི་གཏོང་སྤྲོད་གཞན་སྒྱུར་མ་དངུལ་སྒོར་ཁྲི་100འཕྲི་འཐེན་བྱེད་པ་དང་དཔྱད་ཞིབ་ཀྱི་འབྲས་བུ་ཕུལ་བྱུང་ཡིན་པ་དང་ཡག་པོ་ཡོད་པའི་རྫོང་ལ་བྱ་དགའ་སྒོར་ཁྲི་300དང་ཁྲི་200སྤྲོད་པ་མ་ཟད། ད་དུང་ལོ་རྗེས་མའི་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་བཀོད་སྒྲིག་བྱེད་སྐབས་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་གི་ཡོད།