དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-06

     འདི་ལོའི་ཚུན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ཀྱིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་། དྲིལ་བསྒྲགས་དང་ཞབས་ཞུའི་གཙོ་རྐང་གཉིས་ལ་དམ་འཛིན་གྱིས་འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་ལེགས་སུ་གཏོང་བ། སྤུས་དག་གཏིང་ཟབ་གཏོད་པ། སྤུས་རྟགས་གཏོད་པར་མཐོང་ཆེན། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པར་མཐོང་ཆེན། ཡུལ་སྐོར་དཔུང་ཁག་སྐྱེད་སྲིང་། ཡུལ་སྐོར་བདེ་འཇགས་ལ་དམ་འཛིན་བཅས་བྱས་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ཐོན་ལས་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་འགྲོ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

    གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ན་ནིང་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་ལས་རིགས་ལ་ཡོང་འབབ་སྒོར་དུང་ཕྱུར་101.62བྱུང་བ་དེ་དུས་མཚུངས་ལས་18.6%འཕར་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་1328.96ཟིན་པ་དེ་དུས་མཚུངས་ལས་15.2%འཕར་ཡོད། སྔ་རྗེས་སུ་སྐབས་དང་པོའི་ཁམ་བུའི་མེ་ཏོག་རིག་གནས་སྒྱུ་རྩལ་དུས་ཆེན་དང་“མཛེས་སྡུག་ལྡན་པའི་གྲོང་གསེབ·ཀྲེ་ཀྲོའུ་རུ་བསྐྱོད”ཅེས་པའི་རྐང་ཐང་ཚོགས་ཆེན་དང་སྐབས་གཉིས་པའི་ཁམ་བུ་འཐུ་བའི་དུས་ཆེན་སོགས་ཀྱི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་རེད།

    2017ལོར་ཁྲེང་ཀོན་ཆུས་ཀྱིས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱེད་པ་དང་རི་ཆུའི་དཔལ་འབྱོར་འཕེལ་རྒྱས་ལ་དམིཌ་ནས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིཌ་ཚད་དུ་བྱས་ཏེ་ཡུལ་སྐོར་དང་ཐོན་ལས་དང་། རིག་གནས། སྣོད་བཅུད་སོགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་གྱི་ཡུལ་སྐོར་བཀོད་པ་དང་ཁྱད་ལྡན་ཁྲོམ་གཞུང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་འདབས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྤྱི་འདོམས་བཅས་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ་བསྐྲུན་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་གྲངས་15%འཕར་བ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སྤྱི་འབོར་19%འཕར་བར་བྱས་ནས། བཟོ་ལས་དཔལ་འབྱོར་གྱིས་འདེགས་སྐྱོར་བྱེད་པ་དང་ཚོང་དོན་ཞབས་ཞུ་ལས་རིགས་དང་སྣོད་བཅུད་ཡུལ་སྐོར་ལས་རིགས་ཀྱིས་གཙོ་ཁྲིད་བྱེད་པ། ས་གཙང་བདེ་ཐང་ཐོན་ལས་དང་། ཆུ་ཐོན་ལས་རིགས། དཀར་ཆུའི་ཐོན་རྫས་བཅས་གཞི་རྟེན་དུ་བྱེད་པའི་ཁྱད་ལྡན་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།