དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡར་ཀླུང་གཞུང་དུ་སྔོ་ལྗང་ཉམས་བཟང་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-09-06

    431119_yis_1504590089291_s.jpg

    2014ལོ་ནས་བཟུང་། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་ལ་དམ་འཛིན་དང་སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་གྱིས་ལོ་3རིང་རིམ་རྩིས་བྱས་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་51.3དང་མུའུ་ཁྲི་20ལ་རི་རྒྱ་ནགས་སྡོམ་བྱས་ཤིང་། མུའུ་སྟོང་གི་ནགས་བཟོའི་དཔེ་སྟོན་ཁུལ་3དང་། མུའུ་སྟོང་གི་ཤིང་འབྲས་སྡོང་པོའི་དཔེ་སྟོན་ཁུལ་2 མུའུ་ཁྲི་ཟིན་པའི་རྩྭ་འདེབས་དཔེ་སྟོན་ཁུལ་2བཅས་བསྐྲུན་པ་མ་ཟད། བོད་དུ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་བསྐྲུན་པ་དང་། གཞུང་ལམ་དང་གཙང་པོའི་ལམ་རྒྱུད་གཙོ་བོར“ལྗང་མདོག་ཁྱམས་རིང”མང་པོ་བསྐྲུན་པས་ནགས་ཚལ་ཁྱབ་ཚད་18.4%ནས་24.8%བར་མཐོ་རུ་ཕྱིན་པ་དང་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་སོང་ཞིང་། འདི་ནི་སྔོ་ལྗང་གི་ཞིང་ཁ་དང་ལྗོན་ཤིང་གིས་གཡོགས་པའི་ཡར་ཀླུང་གཞུང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།