དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-25

    གྲོང་གསེབ་ཀྱི་ཡུལ་སྐོར་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱལ་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་སྟེ་ཡུལ་སྐོར་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་རེད། 2020ལོར་སླེབས་སྐབས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཚང་བའི་གྲོང་ཚོ་དབུལ་པོ་1057གྱི་ཡུལ་སྐོར་འཕེལ་རྒྱས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་དང་། གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོ་ཐད་ཀར་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་ཚད་མི་ཁྲི་6ཡན་དང་ཞོར་དུ་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་ཚད་མི་ཁྲི་17ཡན་ཟིན་པ་བྱ་རྒྱུ། གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོ་ཁྲི་12ལ་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱ་རྒྱུ་རེད།

    《བསམ་འཆར》ནང་བསྟན་དོན། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཤུགས་ཆེན་བྱ་རྒྱུ་དང་། ཞིང་པའི་སྤྲོ་སྐྱིད་ཁང་དང་། འབྲོག་པའི་སྤྲོ་སྐྱིད་ཁང་། བོད་ཁྱིམ་སྤྲོ་སྐྱིད་ཁང་སོགས་གཙོ་བོར་བྱེད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་མྱོང་རོལ་ཐོན་རྫས་ཁག་གཅིག་གསར་སྤེལ་བྱ་རྒྱུ། གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་དང་། ལག་ཤེས་བཟོ་རྩལ། བོད་ཀྱི་གསོ་བ་རིག་པའི་བདེ་ཐང་ཞབས་ཞུའི་ཐོན་རྫས་སོགས་ཀྱི་ཡུལ་སྐོར་ཚོང་ཟོག་ཁག་གཅིག་གསར་སྤེལ་བྱ་རྒྱུར་རོགས་སྐྱོར་བྱ་རྒྱུ་མ་ཟད། ད་དུང་གྲོང་གསེབ་ཀྱི་ཡུལ་སྐོར་དྲིལ་བསྒྲགས་ཚོང་སྒྱུར་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གཏོད་པ་དང་། དུས་ཆེན་རིང་ཁྱབ་གདལ་གཏོང་བ། བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་སོགས་གཞི་རྟེན་དུ་བྱས་ནས་ཡུལ་སྐོར་གྱི་དབུལ་སྐྱོར་སྤྱི་ཕན་དྲིལ་བསྒྲགས་བྱ་རྒྱུ་དང་། གྲོང་གསེབ་ཡུལ་སྐོར་གྱི་དབུལ་སྐྱོར་གྲོང་ཚོ་གཙོ་བོས་ས་ས་གནས་དེ་གའི་ཡུལ་སྲོལ་རིག་གནས་སྔོག་འདོན་གང་ལེགས་བྱེད་པར་ཁྲིད་སྟོན་དང་ཞིང་ལས་ཡུལ་སྐོར་དང་ཡུལ་ལྗོངས་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་སོགས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།