དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ཚོགས་ཆུང་གིས་མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-10

     ཟླ་8ཚེས་4ནས་8ཉིན་བར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་མངའ་རིས་སུ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། ཉིན་གང་ཡུལ་སྐོར་བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཁྱད་ལྡན་དང་སྤུས་དག་ཡུལ་སྐོར་རྩེ་གྲ་བཏོད་ནས་མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    མངའ་རིས་སུ་བརྟག་ཞིབ་བྱེད་རིང་ལས་དོན་ཚོགས་ཆུང་དང་བཅས་པས་སྤུ་ཧྲེང་དང་། རྩྭ་མདའ། སྒར། རུ་ཐོག་སོགས་རྫོང་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཡུལ་དེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་འབྲེལ་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ལས་དོན་སྙན་ཞུ་ཡང་གསན་པ་རེད། ལས་དོན་ཚོགས་ཆུང་གིས་མངའ་རིས་ས་ཁུལ་དུ་འཛམ་བུ་གླིང་གི་ས་ཕྱོགས་གཞན་ལ་མེད་པའི་མཛེས་ལྗོངས་ཁུལ་ཡོད་པ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་སྤྱིའི་བསམ་ཕྱོགས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འཆར་འགོད་བཀོད་སྒྲིག་དང་མཐུན་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱིའི་འཕེལ་ཕྱོགས་ལེགས་པ་དང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེན་པོ་ཕྱིན་ཡོད། ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་གསར་སྤེལ་བྱས་པ་དེས་གནད་སྨིན་དབུལ་སྒྲོལ་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།

    ལས་དོན་ཚོགས་ཆུང་གིས་ཡུལ་སྐོར་ནི་བོད་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཐོན་ལས་ཤིག་རེད། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་དང་དེ་བཞིན་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་ངེས་པར་དུ་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། ཉིན་གང་ཡུལ་སྐོར་བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཁྱད་ལྡན་དང་སྤུས་དག་གི་ཡུལ་སྐོར་རྩེ་གྲ་བཏོད་པ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་རྩི་བ། སྔོན་ལ་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས། མངའ་རིས་ཀྱི་ཡུལ་སྐོར་གྱི་དངོས་ཡོད་དང་མཐུན་པའི་རྨང་གཞིའི་ཐོག་སྔོན་འགྲོ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། ཡུལ་སྐོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཡུལ་སྐོར་འཕེལ་རྒྱས་དང་གནད་སྨིན་དབུལ་སྒྲོལ་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་མངའ་རིས་ཀྱི་ཡུལ་སྐོར་ཐོན་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།