དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འདམ་གཞུང་རྫོང་གི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-08-10

    ཚེས་8ཉིན་གྱི་སྔ་དྲོ་ལོ་ངོ་300ཙམ་རྒྱུན་འཛིན་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དེ་འདམ་གཞུང་རྫོང་དུ་འགོ་ཚུགས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལེགས་མཆོག་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཕེབས་ཡོད་པ་རེད།

    སྐབས་འདིའི་རྟ་རྒྱུག་དུས་ཆེན་ཐོག་སྐབས་དང་པོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྟ་རྩལ་གླེང་སྟེགས་དུས་གཅིག་ཏུ་སྤེལ་རྒྱུ་རེད། གླེང་སྟེགས་ལ་རྟ་རྩལ་ལས་རིགས་ནས་ཡོང་བའི་འབྲེལ་ཡོད་མཁས་དབང་དང་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ཡོད་པ་རེད།

    བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱི་འགན་འཁུར་མི་སྣས“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ནི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་རིག་གནས་དང་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་ལོ་རྒྱུས་དང་རིག་གནས་ཀྱི་སྙིང་བཅུད་ཅིག་ཡིན་པས་འདམ་གཞུང་རྫོང་གིས་རྟ་རྒྱུག་དུས་ཆེན་གྱི་གོ་སྐབས་དང་བསྟུན་ཏེ་རིག་གནས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་མི་མངོན་པའི་ནུས་པ་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།