ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཤེ་ཁྲེང་དྲ་བའི་ཐོག་ཁྱབ་བསྒྲགས་བྱས་མ་ཐག་པའི《2017ལོའི་དབྱར་གསེང་རིང་གི་རྒྱལ་ནང་གི་ཚ་གཡོལ་ཡུལ་སྐོར་མིང་སྒྲིག་བང་རིམ》ལ་གཞིགས་ན། འདི་ལོའི་དབྱར་གསེང་རིང་གི་ཚ་གཡོལ་ཡུལ་སྐོར་སྐྱོད་ཡུལ་ཆེན་པོ་བཅུ་ཡོད་པའི་ནང་བོད་ཨང་དང་པོ་ཡིན་པ་རེད།
ཉི་མ་མེ་ལྟར་ཚ་བའི་དབྱར་གཞུང་དུ་བོད་འདི་ཉིད་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཚ་གཡོལ་དང་ཡུལ་སྐོར་དུ་སྐྱོད་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ཞིང་། སྲོལ་རྒྱུན་གྱི་ཡུལ་སྐོར་ཚོགས་པ་རྒྱུན་མི་ཆད་པར་མང་དུ་སོང་བ་ཕུད། ད་དུང་ཚ་གཡོལ་ལུས་གསོའི་ཡུལ་སྐོར་ལའང་རྒྱུན་མཐུད་ཚ་བ་ཆེ་བའི་ས་ཁུལ་གྱི་ཡུལ་སྐོར་བ་ཚོས་དགའ་པོ་བྱེད་པའི་རྣམ་གྲངས་ཤིག་ཏུའང་གྱུར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ས་གནས་དེའི་ཁྱད་ཆོས་དང་ཡུལ་སྐོར་བོད་སྐྱོར་ལག་ལེན་དང་ཟུང་འབྲེལ་གྱིས་ཁྱད་ལྡན“ཚ་གཡོལ”ཡུལ་སྐོར་སྐྱོད་ཡུལ་དང་ཡུལ་སྐོར་སྐྱོད་ལམ་རྩེ་གྲ་སྔ་རྗེས་སུ་འདོན་རྒྱུ་དང་སྦྲགས། ནང་སར་བསྐྱོད་ནས“ཚ་གཡོལ་ལུས་གསོ”སྐོར་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཡང་འཚོག་རྒྱུ་རེད།