དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • འདི་ལོ་སྔོན་དཔག་ལྟར་ན་བོད་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་2500ལྷག་ཙམ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-19

     གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་སྔོན་དཔག་བྱས་ན། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་2500ཡན་ཟིན་རྒྱུ་ཡིན་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་370ཡན་ཟིན་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ལས་རིགས་ཀྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་550ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་བོད་ཀྱི་ལོ་གསར་དང་། ཞོ་སྟོན། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན། གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་དུས་ཆེན། མངའ་རིས་ཀྱི་ཞང་ཞུང་རིག་གནས་དུས་ཆེན་སོགས་དུས་སྟོན་ཡུལ་སྐོར་དང་བརྗོད་དོན་སྣ་མང་གི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་པ་བརྒྱུད་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་1ནས་6བར། རིམ་རྩིས་བརྒྱབ་ན་ལྷ་ས་གྲོང་ཁྱེར་ཁོ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་385.98ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.21%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་50.57ཟིན་པ་དེ་དུས་མཚུངས་ལས་24.68%འཕར་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཁུལ་གཏོད་དེ་བོད་ཀྱི་ཡུལ་སྐོར་གྱི“རྩེར་སོན་དང་། ཁྱད་ལྡན། སྤུས་རྟགས”བཅས་མངོན་གསལ་དོད་ཡོད་པོ་ཡོང་བ་བྱ་ཆེད། ན་ནིང་བོད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གནམ་མཚོའི་མཛེས་ལྗོངས་ཁུལ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ། གཞིས་རྩེ་གྲོང་ཁྱེར་གྱི་ཇོ་རིའི་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་སྤུས་རྟགས་ཀྱི་ཚོད་ལྟའི་ལས་དོན་ཚད་ལྡན་ཅན་གྱི་མཛེས་ལྗོངས་ཁུལ་7བསྐྲུན་པ་དང་། གཞན་ཡང་མཚོ་བོད་ལྕགས་ལམ་ལྷ་གཞིས་དུམ་བུར་མེ་འཁོར་ཤར་གཏོང་བྱས་པ་དང་། ལྷ་ཉིང་ལྕགས་ལམ་ལས་གྲྭ་སྐྲུན་འགོ་ཚུགས་པ། ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་དང་། གཞིས་རྩེའི་ཞི་བདེ་གནམ་གྲུ་ཐང་། མངའ་རིས་དགུན་ས་གནམ་གྲུ་ཐང་བཅས་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་པ་བྱས་ནས་ཡུལ་སྐོར་བ་བོད་དུ་ཡོང་རྒྱུར་སྟབས་བདེའི་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།