དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དུ་སྐོར་ཞིབ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-27

    ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པས་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དུ་སྐོར་ཞིབ་ལས་དོན་སྤེལ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་དང་། ལྕགས་ལམ་པུའི་དེ་སྔའི་པུའུ་ཀྲང་གཞོན་པ། ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་གཞོན་པ་བཅས་ཡིན་པའི་ལུའུ་ཁྲུན་ཧྥང་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་གལ་ཆེན་ཡང་གནང་བ་རེད། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་སྐོར་ཞིབ་ཚོགས་ཆུང་བརྒྱད་པར་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་ཞིབ་ཚོགས་ཆུང་བརྒྱད་པའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁས་ལེན་གང་ལེགས་གནང་བའི་རྨང་གཞིའི་ཐོག་ལྷག་པའི་གནད་དོན་བཏོན་པ་མ་ཟད། བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།

    སྐོར་ཞིབ་ཚོགས་ཆུང་གིས་ཡུལ་སྐོར་ནི་བོད་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཡིན་ལ། རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་ཉེ་བའི་ལོ་ཤས་རིང་ཡུལ་སྐོར་གྱི་བདེ་འཇགས་དོན་རྐྱེན་ཅུང་ཆེ་གྲས་ཡན་ཐོན་མེད་པས་བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་ཁས་ལེན་གང་ལེགས་བྱ་རྒྱུ་ཡིན་ཞེས་བསྟན་གནང་བ་དང་སྦྲགས། སྐོར་ཞིབ་ཚོགས་ཆུང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སྟེས་དབང་གི་བསམ་བློ་འཁྱེར་མི་རུང་བར་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ཏེ་བདེ་འཇགས་ཐད་ཀྱི་སྐྱོན་ཆ་གསབ་ནས་ཡུལ་སྐོར་བདེ་འཇགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་གསལ་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་བདེ་འཇགས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་དོ་དམ་ལ་ཤུགས་སྣོན་གྱིས་བོད་ཀྱི་ཡུལ་སྐོར་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དམིཌ་བསལ་རང་བཞིན་ཡོད་པའི་བྱེད་ཐབས་ཞིབ་བཟོ་བྱས་ནས་བོད་ཀྱི་ཡུལ་སྐོར་བདེ་འཇཌ་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་སྐོར་ཞིབ་ཚོགས་ཆུང་གིས་བཏོན་པའི་བཅོས་སྒྲིག་བླང་བྱ་ཁག་ལ་གཞིགས་ནས་བདེ་འཇགས་ཨང་དང་པོར་འཇོག་པའི་བསམ་བློའི་འདུ་ཤེས་སྔར་བས་འཛུགས་པ་དང་། ཆེད་དོན་ཚོགས་ཆུང་འཛུགས་པ། དོན་ཚན་རེ་རེ་བྱས་ཏེ་ཞིབ་འཇུག་བྱེད་པ་བཅས་བྱས་ཏེ་གནད་དོན་ལེགས་བཅོས་ཐུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་རྣམ་འགྱུར་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།