ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“འཛམ་གླིང་ཐོག་གི་ཡུལ་སྐོར་དུ་སྐྱོད་ཡུལ”གཏོད་རྒྱུའི་དམིགས་ཚད་གཞིར་བཟུང“རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས”བཅས་ཀྱི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་འབྲེལ། ཡུལ་སྐོར་ཐོན་ཟོག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་བས“བོད་ལྗོངས་ཡུལ་སྐོར”གྱི་སྙན་གྲགས་ཉིན་རེ་བཞིན་ཆེ་རུ་སོང་ཞིང་། འདི་ནི་ཟླ་6ཚེས་18ཉིན་ཡུལ་སྐོར་སྣེ་ཤན་པའི་སྣེ་ཁྲིད་འོག་ནང་སའི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།