དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་ནས་ཟི་ལིང་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐོལ་པ་གཏོང་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-13

    ཟླ་6ཚེས་12ཉིན། གསར་འགོད་པར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་གསལ། མཚོ་བོད་ལྕགས་ལམ་ཀུང་སིའི་བཀོད་སྒྲིག་གཞིར་བཟུང་འགྲུལ་པའི་བོད་དུ་མེ་འཁོར་ལ་བསྡད་ནས་འགྲོ་འོང་བྱེད་པའི་དགོས་མཁོ་སྐོང་ཆེད། ཟླ་6ཚེས་22ཉིན་ནས་ཟླ་6ཚེས་30ཉིན་བར་ཟི་ལིང་ནས་ལྷ་ས་བར་འགྲུལ་སྐྱེལ་མེ་འཁོར་ཨང་གྲངས་Z9815ཐོལ་པ་གཏོང་རྒྱུ་དང་། ཟླ་6ཚེས་24ཉིན་ནས་ཟླ་7ཚེས་2ཉིན་བར་ལྷ་ས་ནས་ཟི་ལིང་བར་འགྲུལ་སྐྱེལ་མེ་འཁོར་ཨང་གྲངས་Z9816ཐོལ་པ་གཏོང་རྒྱུ་རེད་འདུག

    ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར། ཡུལ་སྐོར་བྱེད་མང་བའི་དུས་ཚིགས་འཆར་བ་དང་སྦྲགས། མིག་སྔར་ལྷ་ས་མེ་འཁོར་བབས་ཚུགས་ནས་ཉིན་ལྟར་འགྲུལ་པ་སྐྱེལ་ཚད་མི་ཐེངས་6000ཡན་ཟིན་ཡོད། མིག་སྔར་བོད་ནས་ཕྱོགས་ཁག་ཏུ་བསྐྱོད་པའི་མེ་འཁོར་གྱི་སྤ་སེ་འདང་ངེས་ཡོད་པ་དང་ལྷ་ས་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་སུ་བསྐྱོད་ཚེ་ཟླ་ཕྱེད་གོང་ནས་མེ་འཁོར་སྤ་སེ་ཉོ་ཐུབ་པ་མ་ཟད། ཐ་ན་རྐུབ་བཀྱག་དཀྱུས་མའི་སྤ་སེའང་ཉོ་ཐུབ་ཀྱི་ཡོད། དབྱར་དུས་སྐྱེལ་འདྲེན་བྱ་རྒྱུ་དེ་ཟླ་བདུན་པ་ནས་འགོ་འཛུགས་རྒྱུ་ཡིན་པས་དེ་དུས་བོད་ནས་བསྐྱོད་པའི་མེ་འཁོར་སྤ་སེ་རིམ་བཞིན་དཀོན་དུ་འགྲོ་རྒྱུ་ཡིན་སྟབས་ཟླ་བདུན་པའི་ནང་བོད་ནས་ཐོན་རྒྱུ་ཡིན་པའི་འགྲུལ་པས་སྔོན་ཚུད་ནས་ཉོ་དགོས་འདུག ཕྱིར་བསྐྱོད་རྩིས་ཡོད་ན་འགྲུལ་པས་ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུའི་ལྟེ་གནས་ཀྱི་ཁ་པར་ཨང་གྲངས་12306བརྒྱབ་ནས་སྤ་སེའི་གནས་ཚུལ་འདྲི་དགོས། འགྲུལ་པས་སྤ་སེའི་ཆ་འཕྲིན་ཤེས་རྟོགས་ཡོང་ཆེད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྤ་སེ་འཚོང་སའི་ཚོམས་ཆེན་གྱི་ཕྱོགས་བསྡུས་བརྙན་ཤེལ་བརྒྱུད་སྤ་སེའི་གནས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་འབྲེལ། རྒྱང་བསྒྲགས་ཁང་དང་སྤ་སེ་ཚོང་ཁང་དབར་འབྲེལ་གཏུག་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤ་སེ་ལྷག་གྲངས་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་ཀྱི་ཡིན། ལས་དོན་མི་སྣས་རྒྱ་ཆེའི་འགྲུལ་པར་དྲན་སྐུལ་བྱས་དོན། གནས་སྐབས་ཐོལ་པ་བཏང་བའི་འགྲུལ་སྐྱེལ་མེ་འཁོར་གྱི་ཆ་འཕྲིན་སྐོར་མཚོ་བོད་ལྕགས་ལམ་ཀུང་སིའི་གཞུང་ཕྱོགས་སྐད་འཕྲིན་དང་དེ་བཞིན་བབས་ཚུགས་ཀྱི་རྒྱང་བསྒྲགས་ལ་དོ་ཁུར་བྱས་ནས་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།