ཚེས་2ཉིན་སྐབས་ལྔ་པའི་བྲག་གསུམ་མཚོ་སྐོར་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་གྱི་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་མཇུག་འགྲིལ་ཞིང་། རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་བཞོན་མཁན་117གྱིས་འགྲན་བསྡུར་བྱས་མཐར་མཚོ་སྔོན་གྱི་ཝུའེ་ཁུའེ་དང་བོད་ཀྱི་སུའུ་གཡོད་གཉིས་ཀྱིས་སོ་སོར་ཆུ་ཚོད་3དང་། སྐར་མ་23 སྐར་ཆ་05དང་ཆུ་ཚོད་4དང་། སྐར་མ་39 སྐར་ཆ་42ཀྱི་གྲུབ་འབྲས་བླངས་ནས་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།
ད་རེས་ཀྱི་འགྲན་བསྡུར་ལ་ལམ་ཚད་སྤྱི་ལེ་99ཡོད་པའི་ནང་བརྒྱ་ཆ་དགུ་བཅུ་རི་ཁུལ་གྱི་བྱེས་བགྲོད་ཡིན་པ་དང་འགྲན་བསྡུར་ཉིན་གཉིས་ལ་ཕྱེ་ཡོད། སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ལ་ཞུགས་མཁན་གྱི་འགྲན་བསྡུར་ཉིན་གཉིས་ཀྱི་གྲུབ་འབྲས་བསྡོམས་ནས་ཨང་དང་པོ་སྦང་སྒྲིག་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་སྐབས་ལྔ་པའི་བྲག་གསུམ་མཚོའི་རི་ཁུལ་རྐང་འཁོར་འགྲན་བསྡུར་རྒྱལ་ཁའི་ངང་གཉེར་བ་དང་འགྲན་བསྡུར་
གྱི་སྒྲིག་འཛུགས་ཀྱང་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད་ལ། རྒྱལ་ནང་གི་ལས་ཞོར་རྐང་འཁོར་བཞོན་མཁན་རྩེ་གྲ་མང་པོ་འགྲན་བསྡུར་ལ་ཞུགས་རྒྱུར་བཀུག་ནས་བོད་ཀྱི་སྐད་གྲགས་ལྡན་པའི་ལུས་རྩལ་འགྲན་བསྡུར་ཞིག་ཏུ་གྱུར་ཡོད་ཅེས་བཤད།
ཉེ་བའི་ལོའི་རིང་། བོད་ཀྱིས“ཕྱོགས་ཐོན་སྟོབས་ཆེའི་ཁུལ”ཧུར་ཐག་གཏོད་རིང་རྐང་འཁོར་བཞོན་ནས་བྲག་གསུམ་མཚོ་སྐོར་འགྲན་བསྡུར་སོགས་ས་བབ་མཐོ་སར་རྐང་འཁོར་བཞོན་པའི་འགྲན་བསྡུར་ཁག་གཅིག་སྤེལ་བ་ཚུད་པ་དག་རྒྱལ་ནང་གི་རྐང་འཁོར་འགྲན་བསྡུར་གྱི་ཁ་སྐོང་ནུས་ལྡན་ཞིག་ཏུ་གྱུར་ལ། ས་མཐོར་རྐང་འཁོར་བཞོན་པའི་ལུས་རྩལ་འགྲན་བསྡུར་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཐུབ་ནས་རྐང་འཁོར་བཞོན་པར་དགའ་མཁན་ཉིན་རེ་བཞིན་མང་དུ་སོང་བ་དང་གཡག་རྐང་འཁོར་རུ་ཁག་དང་གྲོགས་པོ་རྙིང་པའི་རྐང་འཁོར་རུ་ཁག་སོགས་ས་གནས་སུ་སྐད་གྲགས་ལྡན་པའི་རྐང་འཁོར་རུ་ཁག་ཆར་རྗེས་ཀྱི་སྨྱུག་གསར་འབུར་པ་བཞིན་ཐོན་ཡོད།