ཟླ་4ཚེས་29ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི“ལྔ་གཅིག”ངལ་གསོའི་ཡུལ་སྐོར་ཁྲོམ་རའི་ཆ་འཕྲིན་ལས་མངོན་པར། “ལྔ་གཅིག”ངལ་གསོའི་ཉིན་དང་པོར་ཡུལ་སྐོར་བ་མང་ཤོས་ཀྱི་མཐོ་རླབས་བསུས་ཤིང་། རྒྱལ་ཁབ་ཡུལ་སྐོར་ཅུས་གྲངས་གཞི་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བྱས་པར་གཞིགས་ན། ཉིན་དང་པོར་རྒྱལ་ཡོངས་ཀྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་སྤྱིའི་གྲངས་འབོར་དེ་མི་ཐེངས་ཁྲི་5250ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་310བྱུང་ཡོད་པ་རེད།
གཞུང་ལམ་ཐད། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཁག་ཏུ་རླངས་འཁོར་མང་དུ་ཕྱིན་ནས་འགག་པའི་གནས་ཚུལ་ཐོན་ཡོད་པ་དང་ལྕགས་ལམ་ཐད་མེ་འཁོར་དུ་སྡོད་མཁན་ཡང་རིམ་གྱིས་མང་དུ་ཕྱིན་ནས་སྔོན་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1430དབོར་སྐྱེལ་བྱ་རྒྱུ་དེ་ན་ནིང་ལས་མི་ཐེངས་ཁྲི་139ཡིས་མང་བ་ཡོད་པ་དང་དུས་མཚུངས་ལས་10.8%འཕར་ཡོད་པ་རེད།