དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མར་འཛེག་པའི་དུས་ཚིགས་ཤར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-22

    གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཇོ་མོ་གླང་མར་རི་འཛེག་དུས་ཚིགས་ཤར་བ་དང་། ཟླ་4པའི་ཟླ་སྟོད་ནས་འགོ་བཙུགས་ཏེ་རི་འཛེག་དབྱིངས་པ་དང་ཡུལ་སྐོར་བ་ཚོ་གཅིག་མཇུག་གཉིས་མཐུད་ངང་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འབྱོར། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དཔྱིད་ཀར་རི་འཛེག་པ་300ལྷག་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དང་། འཛམ་གླིང་གི་རི་བོ་མཐོ་ཤོས་དྲུག་པ་ཇོ་བོ་དབུ་ཡག འཛམ་གླིང་གི་རི་བོ་མཐོ་ཤོས་བཅུ་བཞི་པ་ཤི་ཤ་སྦང་མ་བཅས་ལ་འཛེག་རྒྱུ་ཡིན་པའི་ནང་ཇོ་མོ་གླང་མར་འཛེག་རྩིས་ཡོད་པའི་རི་འཛེག་པ་མི་གྲངས་བརྒྱ་ལས་བརྒལ་ཞིང་། འདི་ནི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཡུལ་སྐོར་བ་དང་རི་འཛེག་དབྱིངས་པ་ཚོས་ནུབ་ཁའི་ཉི་འོད་དབུས་ཀྱི་ཇོ་མོ་གླང་མ་པར་དུ་ལེན་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།