དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁམ་བུའི་མེ་ཏོག་ཤར། དཔྱིད་ཀྱི་དཔལ་ཡོན་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-05

    ཟླ་བཞི་པར་ནག་ཆུ་ས་ཁུལ་ལྷ་རི་རྫོང་སྙེ་བོ་ཤང་གིས་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་བསུས་ཤིང་། ལྗོངས་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་བརྒྱ་ཕྲག་འགའ་ཤས་མཉམ་དུ་འཛོམས་ནས་ཁམ་བུའི་མེ་ཏོག་ལ་ལྟ་བ་དང་། དམངས་སྲོལ་ལ་རོལ་བ། ཞིམ་ཟས་མྱོང་བ་བཅས་བྱས་པ་རེད།

    མེ་ཏོག་ལ་བརྟེན་ནས་ཕན་ཚུན་ངོ་འཕྲད་དང་དུས་ཆེན་ལ་བརྟེན་ནས་གྲོགས་པོ་མཉམ་འཛོམས་བྱུང་ཞིང་། “བོད་ཀྱི་བྱང་ཐང་མཛེས་ལྗོངས་ཁུལ་ཆུང་ངུ”ཞེས་འབོད་པའི་སྙེ་བོ་ཤང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་ཡུལ་ལྗོངས་ལྟ་ན་སྡུག་ཅིང་། “ང་ཚོས་ལོ་གསུམ་བསྟུད་མར་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བར་དེ་གའི་མཛེས་པའི་རང་བྱུང་ཡུལ་ལྗོངས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་ཡོད”ཅེས་སྙེ་བོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མིག་དམར་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད། ཉེ་བའི་ལོའི་ནང་། སྙེ་བོ་ཤང་གིས་དུས་ཆེན་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་ནས་ཕྱོགས་བཞིའི་མགྲོན་པོ་བསུ་བ་དང་། སྙེ་བོའི་རྣམ་པ་གསར་པ་དང་སྣོད་བཅུད་ཡུལ་སྐོར་གྱི་མཛེས་ལྗོངས་བརྒྱུད་ཁམ་བུའི་མེ་ཏོག་གི་དུས་ཆེན་ལ་བརྟེན་ནས་བྱང་ཐང་གི་ཡུལ་སྐོར་སྤུས་རྟགས་སུ་འགྱུར་བར་བྱས་ཤིང་། “ང་ཚོས་སྙེ་བོའི་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པར་བརྟེན་ནས་སྣོད་བཅུད་ཡུལ་སྐོར་དང་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཧྲིལ་པོ་གསར་སྤེལ་བྱ་རྒྱུར་ཁྱབ་འགྱེད་སྣེ་ཁྲིད་ཀྱིས་སྙེ་བོའི་ཞིང་ས་གཤིན་པོ་དེ་མཛེས་སྡུག་དང་། བདེ་སྐྱིད། འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་བྱ་རྒྱུ་ཡིན”ཞེས་མིག་དམར་ཚེ་རིང་གིས་བཤད།

    ཟླ་4ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། གླུ་གར་ཆེ་གྲས《སྦས་ལུང་ཞབས་བྲོ》ཞེས་པའི་ཁྲོད་སྙེ་བོའི་ཁམ་བུའི་མེ་ཏོག་དུས་ཆེན་འགོ་ཚུགས་པ་རེད། འཁྲབ་སྟོན་པས་ལུས་ལ་མི་རིགས་ཀྱི་གཟབ་མཆོར་སྤྲས་ཏེ་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ཚང་ཚིང་གི་ཁམ་སྡོང་ཁྲོད་ཞབས་བྲོའི་སྟངས་སྟབས་བསྒྱུར་བ་ནི་དཔྱིད་ཀྱི་དཔལ་ཡོན་བསུ་བའི་ཆོ་ག་ལྟ་བུར་སྣང་།

    འགོ་ཚུགས་མཛད་སྒོའི་ཐོག ལྗོངས་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་700ལྷག་ཙམ་ཁྲོད་ཕྱེད་ཙམ་ནི་ཕྱི་ནས་ཡོང་བ་ཤ་སྟག་ཡིན་ཞེས་ལྷ་རི་རྫོང་གི་རྫོང་དཔོན་ཨོ་རྒྱན་ཚེ་ཐར་གྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཟླ་4ཚེས་3ནས་ཚེས་5བར་འཚོག་རྒྱུ་ཡིན་ནའང་། ཁམ་བུའི་མེ་ཏོག་གི་བཞད་ཡུན་ཉིན་45ཡིན། དུས་ཆེན་རིང་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་། མེ་ཕུང་མཚན་ཚོགས་འཚོག་པ། ཞིང་འབྲོག་ཐོན་ཟོག་གི་ཚོང་འདུས་གཉེར་བ། ལུས་རྩལ་འགྲན་བསྡུར་བྱེད་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད། གཙོ་གཉེར་མཁན་གྱིས་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཕན་ཚུན་གྱི་འབྲེལ་ལམ་དང་མེ་ཏོག་དག་མཛའ་མཐུན་གྱི་འབྲེལ་ཐག་ལྟ་བུར་འགྱུར་བ་བྱས་ཏེ་ལྗོངས་ཕྱི་ནང་དུ་སྙེ་བོའི་སྒོ་དབྱེ་ཡིད་ཆེས་ཀྱི་གཟུགས་བརྙན་བཟང་པོ་མངོན་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།