ཟླ་3ཚེས་28ཉིན་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་ཁུལ་གྱི་གཙོ་གནད་རྣམ་གྲངས་ཁག་9 སྡེབ་གཅིག་ལ་ལས་འགོ་ཚུགས་ནས་གསར་གཏོད་ཁུལ་འཛུགས་སྐྲུན་དང་གཉེར་སྐྱོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁུལ་དོ་དམ་ཨུ་ལྷན་གྱི་དུས་ཐེངས་དང་པོ་དང་གཉིས་པའི་གྲོང་ཁྱེར་གྱི་གཞུང་ལམ་དང་། ཆུ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་། ཆུ་འདོན་བཟོ་གྲྭ་རིམ་སྤོར་བསྒྱུར་བཀོད། གློག་ཆེན་གློག་སྐུད་སྤོ་བ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྤྱིར་ལས་མཇུག་འགྲིལ་བ་དང་ཚོང་འགུག་རྣམ་གྲངས་ཁག་28ཡོད་པར་དངོས་སུ་མ་འཇོག་གསར་སྤེལ་གྱི་གྲོས་མཐུན་བཞག་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་100.3གཏོང་རྒྱུ་རེད། ད་རེས་སྡེབ་གཅིག་ལ་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པའི་རྣམ་གྲངས་ཁག་9ཡི་མ་འཇོག་ཁྱོན་སྒོར་དུང་ཕྱུར་36ཟིན་པའི་ནང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་གྲངས་6དང་དམངས་འཚོའི་རྣམ་གྲངས་2ཡོད་པ་རེད།
གཞན་ཡང་ཁུལ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་23.9བཏང་བའི“སྲོང་བཙན་ལྷ་ས”དང་“ཉི་མ་town”“བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང”སོགས་མཐུད་བསྐྲུན་རྣམ་གྲངས་6བསྟུད་མར་ལས་འགོ་བསྐྱར་དུ་ཚུགས་ཡོད། གླིང་ཁུལ་དང་དངོས་སུ་མ་འཇོག་གི་གྲོས་མཐུན་བཞག་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་41.2བཏང་བའི“ལྷ་སའི་གློག་བརྙན་བརྙན་འཕྲིན་གྲོང་”དང་“ལྷ་མོའི་གླིང་ཁ”“ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས”སོགས་རྣམ་གྲངས་བཅུ་ལྷག་ཙམ་ཡང་འདི་ལོ་བསྟུད་མར་ལས་འགོ་འཛུགས་རྒྱུ་རེད།