དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཁམ་བུའི་མེ་ཏོག་གླིང་གིས་ཡུལ་སྐོར་བ་དགའ་བས་བསུ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-04-03

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཀོང་ཏུང་ནས་ཡིན་པའི་སྐུ་ཞབས་ཧྥན་ལགས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁོངས་ཀྱི་ཁམ་བུའི་མེ་ཏོག་གླིང་དུ་སྤྲོ་འཆམ་དུ་སྐྱོད་བཞིན་དེ་གའི་དཔྱིད་དཔལ་ལ་ཅི་དགར་རོལ།

    ཉེ་ཆར་བོད་དུ་སྐད་གྲགས་ཡོད་པའི་ཁམ་བུའི་མེ་ཏོག་གླིང——ཉིང་ཁྲིའི་སྤོ་བོ་རྫོང་གི་སྤོ་སྟོད་ཁམ་བུའི་མེ་ཏོག་གླིང་དུ་ཡུལ་སྐོར་བ་བསུ་འགོ་ཚུགས་པ་དང་། གྲངས་གཞི་ལས་མངོན་པར། སྤོ་བོ་རྫོང་སྤོ་སྟོད་ཁམ་བུའི་མེ་ཏོག་གླིང་གི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་155.04ཡོད་པར་ཁམ་སྡོང་ཁྲི་18ནས་20བར་དང་། ཁམ་སྡོང་གི་ཆ་སྙོམས་ལོ་ཚད་360དང་ལོ་ཆེ་ཤོས་680ཡིན་པ་རེད།

    སྤོ་བོ་ནི“མེས་པོའི”དོན་ཡིན་ཞིང་། བོད་ལྗོངས་ཤར་ལྷོའི་རྒྱུད་དུ་གནས་ཡོད་པ་དང་གནམ་གཤིས་དྲོ་པོ་ཡོད། མངའ་ཁོངས་སུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཧ་ཅང་ཚོགས་པོ་ཡོད་པ་མ་ཟད། ཁམ་བུའི་མེ་ཏོག་གླིང་རྒྱ་ཆེ་ལ་ལོ་མང་སྐྱེས་པའི་སྡོང་རྒན་དག་ས་མཐོའི་ཀེ་ལ་ཤ་ཡི་མུ་འཁྱུད་ལྟར་གཅིག་ལ་གཅིག་བརྒྱན་ངང་གནས་སྟབས་སྐད་གྲགས་ཤིན་ཏུ་ཆེ།

    “དྲོ་སྐྱིད་ལྡན་པའི་དཔྱིད་ཟླ་གསུམ་པར་ཁམ་བུའི་མེ་ཏོག་གང་སར་བཞད”ཁམ་བུའི་མེ་ཏོག་གླིང་སྒོ་ཕྱེ་བའི་མཛད་སྒོའི་ཐོག་ན་གཞོན་ཕོ་མོ་20ལྷག་ཙམ་གྱིས་འཁྱགས་རོམ་དང་། ནགས་གླིང་། ཁམ་བུའི་མེ་ཏོག་སོགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་སྤྲས་ཏེ་གྱོན་ཆས་ངོམས་སྟོན་བྱེད་པའི་རྣམ་པའི་ཐོག་ནས་མེ་ཏོག་ལྟ་བར་ཡོང་མཁན་མི་སེར་དང་ཡུལ་སྐོར་བར་སྤོ་བོ་རྫོང་གི་སྒེག་ཉམས་སྟོན་ཡོད།

    སྤོ་བོ་རྫོང་འདི་ཉིད་བོད་ཀྱི་ཁམ་བུའི་མེ་ཏོག་གླིང་ཡིན་པ་མ་ཟད“འཁྱགས་རོམ་གྱི་ཕ་ཡུལ”ཞེས་ཀྱང་བརྗོད་ཀྱི་ཡོད་པ་དང་། མངའ་ཁོངས་སུ་རྒྱ་མཚོའི་རང་བཞིན་གྱི་འཁྱགས་རོམ་2000ལྷག་ཙམ་ཡོད། རི་གཅིག་ལས་དུས་བཞིའི་རྣམ་པ་མངོན་ཏེ་འཁྱགས་རོམ་གྱི་སྣེ་མོ་ནགས་ཚལ་ཁྲོད་དུ་ཆགས་པ་དང་གངས་རི་དང་ཁམ་བུའི་མེ་ཏོག་ཕན་ཚུན་གཅིག་ལ་གཅིག་བརྒྱན་བྱེད་པ་ལྟར་ཡིན་སྟབས་སྤོ་བོ་རྫོང་དེ་ཡུལ་སྐོར་བ་མང་པོའི་འདྲེན་བྱེད་ནང་གི་ས་མཐོའི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་ཡོད།

    “ང་བོད་དུ་ཐེངས་བཅུ་གྲངས་ཡོང་མྱོང་ཡོད། ཡོང་ཐེངས་རེར་མཛེས་ལྗོངས་མི་འདྲ་བ་མྱོང་ཚོར་ཡང་མི་འདྲ་བ་འདུག འདི་ལོ་ཆེད་མངགས་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་བ་ཡིན། ང་ཚོ་པར་རྒྱག་ལ་དགའ་བའི་མི་རྣམས་ལ་གསར་རྩོམ་གྱི་འབྱུང་ཁུངས་རྙེད་བྱུང”ཞེས་ཀོང་ཏུང་གི་ཡུལ་སྐོར་བ་སྐུ་ཞབས་ཧྥན་ལགས་ཀྱི་ཤོད་བཞིན་ཁོང་དང་མཉམ་དུ་ཡོང་བའི་མི་12ཀྱིས་རླངས་འཁོར་3བཏང་ནས་རྒྱལ་ལམ་318བརྒྱུད་ལམ་བར་པར་རྒྱག་ཞོར་དུ་ས་གནས་དེ་གའི་དམངས་སྲོལ་གོམས་འདྲིས་ཉམས་ལེན་དང་བཅས་ནུབ་ཀྱི་ཕྱོགས་སུ་སྐྱོད།

    མིག་སྔར་སྤོ་བོ་རྫོང་དུ་ཞག་སྡོད་དང་། བཟའ་བཏུང་། སོས་དལ་བཅས་གཞི་གཅིག་ཏུ་བསྡུས་པའི་བོད་སྐྱོད་ངལ་གསོའི་ས་ཚིགས་བསྐྲུན་ཟིན་པ་དང། ཁམ་བུའི་མེ་ཏོག་གླིང་སྒོ་ཕྱེ་བའི་མཛད་སྒོའི་ཐོག་ཁམ་བུའི་མེ་ཏོག་ལ་ལྟ་མཁན་རྒྱལ་ནང་གི་ཡུལ་སྐོར་བ་མང་པོ་བསུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།