དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར༣༠ཡན་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།   |     སྤེལ་དུས།  2017-03-31

    སྤྱི་ཟླ་གསུམ་པའི་ཚེས ༢༨ ཉིན།  ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་དེས་གོ་སྐབས་དམ་འཛིན་བྱས་ནས་ཀླུ་ནང་གི་ལོ་འཁོར་མོའི་ཡུལ་སྐོར་འཁྲུག་ཆ་དོད་ཤོས་ཀྱི་དུས་མཚམས་སུ་འགོ་བཙུགས་པ་རེད།།

    ཤེས་རྟོགས་བྱས་པར་གཞིགས་ན།  ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ནི་ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་དང་དབུལ་སྐྱོར་གནད་འཕིགས་བྱས་པའི་ཡུལ་སྐོར་རྣམ་གྲངས་ཞིག་ཡིན་པ་དང་།  རྣམ་གྲངས་དེ་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་།  ཁེ་ལས་མང་པོ་ཞིག་གིས་ཐུན་མོང་ཐོག་མ་འཇོག་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་ཁྱོན་མ་དངུལ་སྒོར་དུང་ཕྱུར ༣༠ ཡན་བཏང་ཡོད།

    དེང་སྐབས།  ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་འདི་ཉིད་ཐོན་རྫས་སྣེ་ཁ་མང་བ་དང་སྤུས་ཀ་ལེགས་པ།  ཁོར་ཡུག་སྐྱིད་སྣང་དོད་པ།  ཁྱད་ཆོས་ཆེ་བ་བཅས་ཀྱི་སྤྲོ་གསེང་ཁུལ་ཞིག་ཏུ་གྱུར་ནས།  གཙོ་དོན་སྤྲོ་གསེང་དང་ལུས་གསོ།  སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་དགོས་མཁོ་བསྐོང་ཐུབ་ནས་ཉིང་ཁྲིའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་དང་།  ཡུལ་སྐོར་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད།  ལྗོངས་ཕྱི་ནང་འབྲེལ་མཐུད་གྱི་གཞི་རྟེན་གལ་ཆེན་བཅས་སུ་གྱུར་ཡོད།  

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།