དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-03-31

    ཚེས་28ཉིན་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་འཆར་འགོད་ཞིབ་ཕྲ་བྱས་ནས་བསྐྲུན་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་དངོས་སུ་སྒོ་ཕྱེ་ཞིང་། རྣམ་པ་གསར་རྐྱང་ལ་བརྟེན་ནས་ཕྱོགས་བཞིའི་མགྲོན་པོ་བསུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་ནི་ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་དང་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་ཐོག་མའི་འཆར་འགོད་ནས་འཛུགས་སྐྲུན་མཚར་བར་ལོ་6འགོར་བ་དང་། དེ་ནི་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཁེ་ལས་མང་པོས་མཉམ་དུ་མ་དངུལ་བཏང་ནས་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར་30ལས་བརྒལ་ཏེ“འཛམ་གླིང་ཐོག་གི་ཡུལ་སྐོར་གནས་མཆོག”གཏོད་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། “དྭངས་གཙང་དབེན་འཇམ་དང་། བོད་པའི་རིག་གནས། རང་བྱུང་སྣོད་བཅུད། དེང་རབས་དར་སྲོལ”བཅས་ལྡན་པ་གསར་སྤེལ་གྱི་ངེས་གནས་སུ་བརྩིས་ཏེ་བཅུད་ལྡན་བཟའ་བཅའ་དང་། རིག་གནས། ཉོ་ཚོང་། སྤེལ་རེས་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་གྲས་སུ་བཏོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་གྲས་སྒོ་མོ་འབྱེད་པའི་བྱེད་སྒོ་དེ་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པ་དང་ཀླུ་ནང་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།