མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་1ཉིན་ནས་བཟུང་། ཁུན་མིང་ལྷོ་ཚུགས་ནས་ཁྲང་ཧྲ་ལྷོ་ཚུགས་བར་ཤུགས་འགྲེམས་མེ་འཁོར་5སླར་ཡང་མང་དུ་བཏང་བར་བརྟེན་ཁུན་མིང་ནས་ཁྲང་ཧྲ་བར་ཤུགས་འགྲེམས་མེ་འཁོར་17བར་མང་དུ་ཕྱིན་ནས་སྐར་མ་དྲུག་ནང་མེ་འཁོར་གཅིག་ཐོན་གྱི་ཡོད། དེ་ཡང་ཡུན་ནན་དུ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁུན་མིང་ལྕགས་ལམ་ཅུས་ཀྱིས་བཏང་བའི་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་དབར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཅན་གྱི་མྱུར་བགྲོད་ལྕགས་ལམ་ཐེངས་བཞི་པ་དེ་ཡིན། དེ་གོང་ཁུན་མིང་ནས་ཀུའེ་དབྱང་བར་(ཉིན་རེར་མེ་འཁོར་27ཐོན་གྱི་ཡོད་པ)དང་། ཁུན་མིང་ནས་ནན་ཉིང་བར་(ཉིན་རེར་མེ་འཁོར་ཐེངས་གཅིག་ཐོན་གྱི་ཡོད་པ) ཁུན་མིང་ནས་ཀོང་ཀྲོའུ་བར་(ཉིན་རེར་མེ་འཁོར་ཐེངས་16ཐོན་གྱི་ཡོད་པ)གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད་པ་རེད།
མྱུར་བགྲོད་ལྕགས་ལམ་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གཏོང་འགོ་ཚུགས་པ་དེས་གྲོང་ཁྱེར་དབར་གྱི་མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ་བཅས་མགྱོགས་མྱུར་བརྗེ་རེས་བྱ་རྒྱུར་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། ཡུན་ནན་ཞིང་ཆེན་དང་ཞིང་ཆེན་མང་པོའི་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་དང་སྤེལ་རེས་ལ་ཡང་སྐུལ་མ་ཐེབས་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ལོ་མཇུག་ནས་བཟུང་། ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཡུན་ནན་ནས་ཀུའེ་ལིན་བར་གྱི་མྱུར་བགྲོད་ལྕགས་ལམ། ཁུན་མིང་ནས་ཡུས་ལིན་བར་གྱི་མྱུར་བགྲོད་ལྕགས་ལམ་བཅས་དུས་གཅིག་ཏུ་ཤར་གཏོང་ཐུབ་པས་ཁུན་མིང་ལྕགས་ལམ་ཅུས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་200ཡན་ཟིན་ཡོད། མྱུར་བགྲོད་ལྕགས་ལམ་གྱི་མྱུར་ཚད་མགྱོགས་པ་དང་། སྡོད་ས་སྐྱིད་པ། ནུས་ཆེ་བཅས་ཀྱི་ཉམས་ལེན་ལ་མི་དེ་བས་མང་བས་དགའ་པོ་བྱེད་ཀྱི་ཡོད་ལ་འགྲུལ་པ་དེ་བས་མང་བས་མྱུར་བགྲོད་ལྕགས་ལམ་བསྡད་ནས་ཡུན་ནན་དུ་ཡུལ་སྐོར་དང་ཚོང་རྒྱག་པར་ཡོང་གི་ཡོད།