དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་མཁའ་འགྲུལ་ལ་དབྱར་སྟོན་དུས་ཚིགས་སུ་མཁའ་ལམ་གསར་པ་ལྔ་འབྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་དྲ་བའི་འཕྲིན།   |     སྤེལ་དུས།  2017-03-28

    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མཁའ་འགྲུལ་ལ་ཟླ་3ཚེས་26ཉིན་ནས་བཟུང་དབྱར་སྟོན་དུས་ཚིགས་ཀྱི་མཁའ་འགྲུལ་དུས་ཚོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། འགྲུལ་པ་མང་བར་མཁའ་ལམ་སྔར་ལས་མང་བ་ཤར་གཏོང་བྱ་རྒྱུ་ཡིན་པ་སྟེ། དེ་དག་གི་ཁྲོད་དུ་ལན་ཀྲོའུ་ནས་ས་དམ་དང་ཁུན་མིང་བར་དང་། ཁྲེང་ཏུའུ་ནས་ཐེན་ཅིན་དང་ཁྲང་ཁྲུན་བར། ཁྲེང་ཏུའུ་ནས་ཟི་ལིང་དང་ཡུལ་ཤུལ་བར། ཁྲེང་ཏུའུ་ནས་ལན་ཀྲོའུ་བར། མེན་དབྱང་ནས་ཁྲང་ཧྲ་བར་བཅས་ཚུད་པ་རེད།

    ལན་ཀྲོའུ་ནས་ས་དམ་དང་ཁུན་མིང་བར་(ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ)གནམ་གྲུའི་ཨང་གྲངས་TV6007ལན་ཀྲོའུ་ནས་ཆུ་ཚོད་08:05ལ་རྡོག་ཐོན་ཏེ་ཆུ་ཚོད་10:00ཐོག་ས་དམ་དུ་འབྱོར་ཞིང་། ས་དམ་ནས་ཆུ་ཚོད་10:45ལ་རྡོག་ཐོན་ཏེ་ཆུ་ཚོད་11:45ཐོག་ཁུན་མིང་དུ་འབྱོར་རྒྱུ་དང་།  གནམ་གྲུའི་ཨང་གྲངསTV6008ཁུན་མིང་ནས་ཆུ་ཚོད་13:20ལ་རྡོག་ཐོན་ཏེ་ཆུ་ཚོད་14:20ཐོག་ས་དམ་དུ་འབྱོར་ཞིང་། ས་དམ་ནས་ཆུ་ཚོད་15:05ལ་རྡོག་ཐོན་ཏེ་ཆུ་ཚོད་17:00ཐོག་ལན་ཀྲོའུ་རུ་འབྱོར་རྒྱུ།

    ཁྲེང་ཏུའུ་ནས་ཐེན་ཅིན་དང་ཁྲང་ཁྲུན་བར་(ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ་) གནམ་གྲུའི་ཨང་གྲངསTV9877ཁྲེང་ཏུའུ་ནས་ཆུ་ཚོད་06:20ལ་རྡོག་ཐོན་ཏེ་ཆུ་ཚོད་08:50ཐོག་ཐེན་ཅིན་དུ་འབྱོར་ཞིང་། ཐེན་ཅིན་ནས་ཆུ་ཚོད་09:50ལ་རྡོག་ཐོན་ཏེ་ཆུ་ཚོད་11:30ཐོག་ཁྲང་ཁྲུན་དུ་འབྱོར་རྒྱུ་དང་།  གནམ་གྲུའི་ཨང་གྲངས་TV9878ཁྲང་ཁྲུན་ནས་18:45ལ་རྡོག་ཐོན་ཏེ་ཆུ་ཚོད་20:35ཐོག་ཐེན་ཅིན་དུ་འབྱོར་ཞིང་།  ཐེན་ཅིན་ནས་ཆུ་ཚོད་21:35ལ་རྡོག་ཐོན་ཏེ་ཆུ་ཚོད་00:35+1ཐོག་ཁྲེང་ཏུའུ་རུ་འབྱོར་རྒྱུ།

    ཁྲེང་ཏུའུ་ནས་ཟི་ལིང་དང་ཡུལ་ཤུལ་བར་(གཟའ་ལྷག་པ་དང་པ་སངས་ཀྱི་ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ་) གནམ་གྲུའི་ཨང་གྲངས་TV9895ཁྲེང་ཏུའུ་ནས་ཆུ་ཚོད་08:35ལ་རྡོག་ཐོན་ཏེ་ཆུ་ཚོད་10:25ཐོག་ཟི་ལིང་དུ་འབྱོར་ཞིང་། ཟི་ལིང་ནས་ཆུ་ཚོད་11:05ལ་རྡོག་ཐོན་ཏེ་ཆུ་ཚོད་12:25ཐོག་ཡུལ་ཤུལ་དུ་འབྱོར་རྒྱུ་དང་། གནམ་གྲུའི་ཨང་གྲངས་TV9896ཡུལ་ཤུལ་ནས་ཆུ་ཚོད་13:05ལ་རྡོག་ཐོན་ཏེ་ཆུ་ཚོད་14:30ཐོག་ཟི་ལིང་དུ་འབྱོར་ཞིང་། ཟི་ལིང་ནས་ཆུ་ཚོད་15:15ལ་རྡོག་ཐོན་ཏེ་ཆུ་ཚོད་16:45ཐོག་ཁྲེང་ཏུའུ་རུ་འབྱོར་རྒྱུ།

    ཁྲེང་ཏུའུ་ནས་ལན་ཀྲོའུ་བར་(ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ་) གནམ་གྲུའི་ཨང་གྲངས་TV9885ཁྲེང་ཏུའུ་ནས་ཆུ་ཚོད་21:20ལ་རྡོག་ཐོན་ཏེ་ཆུ་ཚོད་22:50ཐོག་ལན་ཀྲོའུ་རུ་འབྱོར་ཞིང་། གནམ་གྲུའི་ཨང་གྲངས་TV9886ལན་ཀྲོའུ་ནས་ཆུ་ཚོད་20:10ལ་རྡོག་ཐོན་ཏེ་ཆུ་ཚོད་21:45ཐོག་ཁྲེང་ཏུའུ་རུ་འབྱོར་རྒྱུ།

    མེན་དབྱང་ནས་ཁྲང་ཧྲ་བར་(ཉིན་རེར་དུས་གཏན་གནམ་གྲུ་ཐེངས་རེ་)གནམ་གྲུའི་ཨང་གྲངས་TV9909མེན་དབྱང་ནས་ཆུ་ཚོད་07:10ལ་རྡོག་ཐོན་ཏེ་ཆུ་ཚོད་08:45ཐོག་ཁྲང་ཧྲ་རུ་འབྱོར་ཞིང་། གནམ་གྲུའི་ཨང་གྲངས་TV9910ཁྲང་ཧྲ་ནས་ཆུ་ཚོད་22:20ཐོག་རྡོག་ཐོན་ཏེ་ཆུ་ཚོད་23:55ཐོག་མེན་དབྱང་དུ་འབྱོར་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།