དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ས་ཕྱོགས་ཀུན་ལ་གྲགས་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-27

    ཟླ་3ཚེས་25ཉིན་སྐབས་བཅོ་ལྔ་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་མེ་ཏོག་གི་རྒྱ་མཚོ་ལྟ་བུའི་ཉིང་ཁྲིའི་འོས་སྦྱོར་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་།

    379243_yis_1490505572117_s 副本.jpg

    ཡུལ་སྐོར་བས་ཁམ་བུའི་མེ་ཏོག་ལ་ལྟ་བའི་གནས་ཚུལ་ཡིན་པ།

    379244_yis_1490505573021_s 副本.jpg

    ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི“ཁམ་བུའི་མེ་ཏོག་གི་ལྷ་མོས”འདེམས་བསྐོའི་འགྲན་བསྡུར་ཐོག་རང་ཉིད་ཀྱི་རྩལ་ངོམ་བཞིན་པ།

    379277_yis_1490505693033_s 副本.jpg

    ཀ་ལའི་ཁམ་བུའི་མེ་ཏོག་གྲོང་ཚོའི་དུས་ཚིགས་རང་བཞིན་གྱི་ཡུལ་སྐོར་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་ཤར་གཏོང་ཐུབ་པས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བར་ཁམ་བུའི་མེ་ཏོག་ལ་ལྟ་སྐོར་བྱ་རྒྱུར་སྟབས་བདེ་བསྐྲུན་ཞིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོའི་གྲོང་མི་སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས་སུ་འབྱོར་བའི་གནས་ཚུལ་ཡིན་པ།

    ཟླ་གསུམ་པའི་ཟླ་མཇུག་ཏུ་ཉིང་ཁྲིར་གྲང་ངད་རྦད་དེ་ཆག་མེད་ཀྱང་ཁམ་བུའི་མེ་ཏོག་བཞད་ཅིང་ལྕང་ལྕུག་གཡུ་མདོག་ཏུ་གྱུར་ཏེ་མེ་ཏོག་གི་རྒྱ་མཚོ་ལྟ་བུར་སྣང་། ལྷ་ས་ནས་རྒྱལ་ལམ་318བརྒྱུད་ཤར་ལྷོའི་མཚམས་ཀྱི་ཉིང་ཁྲིར་བསྐྱོད་སྐབས་ལམ་བར་གྱི་ནགས་ཤིང་སྟུག་པོའི་ཁྲོད་ནས་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ། ནགས་ཚལ་དང་། གནམ་སྔོན། འཁྱགས་རོམ། མཚོ་མོ་བཅས་གངས་རི་དང་གཅིག་རྒྱན་གཅིག་སྤྲས་བྱས་པ་དང་གངས་ཀྱིས་བཀླུབས་པའི་རི་གཤམ་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད།

    ཉིང་ཁྲི་ཁམ་བུའི་མེ་ཏོག་གྲོང་ཚོ་ནི་ཟླ་གསུམ་པར་ཁམ་བུའི་མེ་ཏོག་ལ་ལྟ་བར་བསྐྱོད་སའི་ས་ཆ་ཡག་ཤོས་ཤིག་རེད། ཉང་ཆུའི་ངོགས་གཉིས་ཀྱི་རི་ལྡེབས་སུ་ཁམ་བུའི་མེ་ཏོག་དང་གྲོ་ཞིང་ཕན་ཚུན་རྒྱན་ཞིང་། ཕྱོགས་གསུམ་དུ་རི་བོས་སྐོར་བའི་ཁམ་བུའི་མེ་ཏོག་གི་ལུང་ཤུར་དུ་ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་དང་། ཁམ་བུའི་མེ་ཏོག་བཞད་པའི་ཁམ་སྡོང་། རྒྱང་རིང་གི་བརྗིད་ཉམས་ལྡན་པའི་གངས་རི་བཅས་ལས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཏུ་གྲུབ། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གངས་རི་གནམ་ལྕགས་འབར་བའི་རི་གཤམ་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཕད་ཤང་ནི་ཁམ་བུའི་མེ་ཏོག་ལྟ་བ་དང་དཔྱིད་དཔལ་མྱོང་རོལ་བྱེད་ས་ཡག་ཤོས་ཤིག་རེད། དེར་གངས་རི་དང་། འཁྱགས་རོམ། ཁམ་བུའི་མེ་ཏོག ཡང་ཀླུང་གཙང་པོ་བཅས་ཀྱི་མཛེས་ལྗོངས་མྱོང་རོལ་བྱེད་ཆོག

    ཉིང་ཁྲིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 2002ལོ་ནས་བཟུང་ཉིང་ཁྲིས་ལོ་ལྟར་ཟླ་གསུམ་པ་དང་བཞི་པའི་བར་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་གྱི་ཡོད། འདི་ལོའི་ཟླ་3ཚེས་25ཉིན་གཉེར་བའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“མི་ཡུལ་གྱི་ཞིང་ཁམས། མཛེས་སྡུག་གི་ཉིང་ཁྲི”ཞེས་པ་དེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།