དཔྱིད་དཔལ་རབ་ཏུ་བཞད་པའི་གངས་ལྗོངས་ས་མཐོར་ཉིང་ཁྲིའི་སྐབས་བཅོ་ལྔ་པའི་ཁམ་བུའི་མེ་ཏོག་དུས་ཆེན་གཟའ་འཁོར་རྗེས་མར་འགོ་འཛུགས་རྒྱུ་ཡིན་ཞིང་། ཉིང་ཁྲི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་བཅས་ཀྱིས་སྒྲུབ་འགན་འཁུར་བའི་ཉིང་ཁྲིའི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དང་སྐབས་གསུམ་པའི“ཁམ་བུའི་མེ་ཏོག་ལྷ་མོ”འདེམས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གཟབ་རྒྱས་བྱས་ཤིང་། འདི་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི“ཁམ་བུའི་མེ་ཏོག་ལྷ་མོ”འདེམས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་ཡུལ་ཡིན་པ།