དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲིའི་ཁམ་བུའི་མེ་ཏོག་སྐོར་གྱི་བརྩམས་ཆོས་བསྡུ་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-20

    ཉིན་ཤས་གོང་། གསར་འགོད་པར་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་དྲིལ་བསྒྲགས་ཚོགས་ཆུང་གིས་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཕུལ་བྱུང་བརྩམས་ཆོས་10བསྡུ་རྒྱུ་རེད།  སྨྱན་སྦྱོར་དང་མི་སྒེར་གང་ཞིག་ཡིན་རུང་ཁྱེད་ལ་སྨྱན་སྦྱོར་ཡོད་ཚེ། ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་ཆོག གལ་སྲིད་ཕུལ་བྱུང་བརྩམས་ཆོས་ནང་བདམས་ཚེ་བྱ་དགའ་མཐོ་ཤོས་དངུལ་སྨར་སྒོར་ཁྲི་3སྤྲོད་རྒྱུ་རེད།

    བརྩམས་ཆོས་སྐྱེལ་བའི་དུས་ཚོད་ཟླ་4ཚེས་18ནས་ཚེས་25ཉིན་བར་ཡིན། འདོད་མོས་ཡོད་ཚེ་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ཕུལ་བྱུང་བརྩམས་ཆོས་རེ་ཞུའི་རེའུ་མིག་བརྒྱངས་ཏེ་རེ་ཞུ་བྱེད་ཆོག རེ་འདུན་ཞུ་ཡིག་བླངས་པ་དང་། བསྐྱལ་བ། ཞུ་གཏུགས་དང་ལེན་བཅས་བྱས་ཚེ་ཁ་པར་རྒྱག་པའམ་ཡང་ན་0894-5831669ལ་བརྙན་སྐྱེལ་བྱེད་ཆོག སྦྲག་སྒམ་linzhidiquxin-wen@163.comཡིན།   བརྩམས་ཆོས་དཔྱད་ཞིབ་བྱེད་མཁན་ནི་2017ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅོ་ལྔ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་དྲིལ་བསྒྲགས་ཚོགས་ཆུང་ཡིན་པ་དང་དཔྱད་ཞིབ་དུས་ཚོད་2017ལོའི་ཟླ་4ཚེས་26ནས་ཟླ་5ཚེས་4ཉིན་བར་ཡིན། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དངུལ་ལེན་དུས་ཚོད་2017ལོའི་ཟླ་5ཚེས་15ནས་5ཚེས་31ཉིན་བར་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།